མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱི་དབུལ་སྐྱོར་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-17 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་། ནོར་སྲིད་པུས་ཐུན་མོང་ཐོག་སྤེལ་བའི་སྤྱི་ལོ2013ལོའི་ཞིང་ཆེན་ཁག་གི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་གྱི་བྱས་འབྲས་གདེང་འཇོག་བྱེད་སྒོའི་ནང་། རང་ལྗོངས་འདི་ཉིད་རིམ་པ་གཉིས་པར་ཚུད་ནས་བྱ་དགའི་དངུལ་སྒོར་ཁྲི4000ལྷག་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2013ལོར་རང་ལྗོངས་ཀྱིས་དབུལ་སྐྱོར་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། རང་སྐྱོང་ལྗོངས་ནོར་སྲིད་སྔོན་རྩིས་ནས་དབུལ་སྐྱོར་ཆེད་དོན་མ་དངུལ་བཀོད་སྒྲིག་བྱེད་ཚད26.7%འཕར་སྣོན་བྱུང་ཡོད་ཅིང་། དབུལ་སྐྱོར་མ་དངུལ་བཀོད་སྒྲིག་དང་བེད་སྤྱོད་བྱེད་པའི་ཐད་རང་སྐྱོང་ལྗོངས་ཀྱིས་དུད་ཚང་ལ་དབུལ་སྐྱོར་གནད་འཁེལ་བྱེད་པ་དང་། ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་དབུལ་སྐྱོར་འགག་སྒྲོལ་བྱེད་ས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དུད་ཚང་ལ་དབུལ་སྐྱོར་བྱེད་པའི་ཐད་སྤྱད་པའི་བསྡུར་གྲངས70%ཡན་ཟིན་པ་དང་། ཡུག་སྦྲེལ་རྫོང་དང་གཙོ་གནད་རྫོང་ལ་སྤྱད་པའི་མ་དངུལ་གྱི་བསྡུར་གྲངས་དང་ལོ་དེར་ཡུག་སྦྲེལ་རྫོང་ལ་སྤྱད་པའི་མ་དངུལ་འཕར་མའི་བསྡུར་ཚད80%ཡན་ཟིན་ནས། དབུལ་སྐྱོར་མ་དངུལ་བེད་སྤྱོད་དང་དོ་དམ་ནུས་ལྡན་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག