མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དབུལ་སྐྱོར་སློབ་རོགས་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-16 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཁག་ཅིག་གི་སློབ་གྲྭ་ཆེན་མོ་བ་བདེ་བླག་ངང་སློབ་གྲྭར་ཞུགས་རྒྱུར་རོགས་རམ་བྱེད་ཆེད། རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་དབུལ་སྐྱོར་སློབ་རོགས་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། བྱེད་སྒོར་བོད་ལྗོངས་ཀྲེ་ཅང་ཚོང་ཚོགས་ཁེ་ལས་མཁས་ཅན་ཚོས་བརྡ་ལན་ཧུར་ཐག་ཞུས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ནང་ཀྲེ་ཅང་ཚོང་ཚོགས་ཁེ་ལས་མཁས་ཅན་གྱིས་ཁྱོན་རང་ལྗོངས་ཀྱི་དབུལ་ཕོངས་སློབ་གྲྭ་ཆེན་མོ་བ13ལ་རོགས་སྐྱོར་བྱས་པ་དང་དེ་དག་ཚང་མ་དྭ་ཕྲུག་དང་དམའ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་བུ་ཕྲུག་རེད། སླད་ཕྱིན་ཀྲེ་ཅང་ཚོང་ཚོགས་ཀྱིས་དབུལ་ཕོངས་སློབ་གྲྭ་ཆེན་མོ་བ13དེ་དག་སློབ་གྲྭར་སློབ་སྦྱོང་བྱེད་རིང་གི་འགྲོ་སོང་ཚང་མ་འགན་འཁུར་ནས་ཁོང་ཚོ་བདེ་བླག་ངང་སློབ་གྲྭ་ཆེན་མོ་ཐོན་རྒྱུར་རོགས་རམ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག