མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2020ལོར་སླེབས་དུས་བོད་ལྗོངས་ཀྱི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི11ལ་སླེབས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-16 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས《བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་བྱུང་བའི་བྱ་བར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བསམ་འཆར》འགྲེམ་གཏོང་བྱས་ཤིང་། བསམ་འཆར་ཁྲོད2020ལོར་སླེབས་དུས་བོད་ལྗོངས་ཀྱི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི11ལ་སླེབས་རྒྱུ་ཡིན་པ་དང་། ལྕགས་ལམ་འཁོར་སྐྱོད་བྱེད་པའི་ལམ་ཐག་སྤྱི་ལེ1300ལ་སླེབས་པ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི700ལ་སླེབས་པའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན་པར་བསྟན།

བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཕྱིར་བསྒྲགས་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར80བཏང་སྟེ་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཐས་བེད་སྤྱོད་བྱ་རྒྱུ་ཡིན་ཞིང་། 2015ལོར་སླེབས་དུས། ཆ་རྐྱེན་དང་མཐུན་པའི་སྲིད་འཛིན་གྲོང་ཚོ100%ལ་གཞུང་ལམ་གཏོང་ཐུབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག