མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ་ལྷོ་ཁ་ས་ཁུལ་གྱིས་གནས་སྐོར་ཡོང་སྒོ་སྒོར་ཁྲི89.4མངོན་འགྱུར་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-16 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷོ་ཁ་ས་ཁུལ་གྱི་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ་ལྷོ་ཁ་ས་ཁུལ་ཡོངས་གྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི7993སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས21%འཕར། དེའི་ནང་ཕྱི་གླིང་གི་ཞག་སྡོད་གནས་སྐོར་བ་མི349སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས30%འཕར། རྒྱལ་ནང་གི་གནས་སྐོར་བ་མི་ཐེངས7644སྣེ་ལེན་བྱས་ཡོད་པ་དང་། ཉིན་གཅིག་གི་གནས་སྐོར་བྱེད་མཁན་མི་ཐེངས20479སྣེ་ལེན་བྱས་ཏེ། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི89.4མངོན་འགྱུར་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས21%བཅས་འཕར་ཡོད་པ་རེད།

ལྷོ་ཁ་ས་ཁུལ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་ཆིའུ་ལིན་གྱིས་བཤད་རྒྱུར། ད་ལོར་ལྷོ་ཁ་ས་ཁུལ་གྱི་ཡར་ཀླུང་རིག་གནས་དུས་ཆེན་དང་། གྲི་གུའི་དབྱར་སྐྱིད་དུས་ཆེན། ཡར་འབྲོག་གཡུ་མཚོར་བསྐོར་བའི་ལྕགས་རྟ་འགྲན་བསྡུར་བཅས་ཀྱི་བྱ་འགུལ་བདེ་བླག་ངང་སྤེལ་བ་དང་བསྟུན་ནས། ལྷོ་ཁའི་མཚན་སྙན་གྲགས་སྔར་ལས་ཇེ་ཆེར་སོང་ཡོད་དེ། ཡུན་རིང་གི་ལོ་རྒྱུས་རིག་གནས་དང་། ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས། ལྷད་མེད་ཀྱི་དམངས་སྲོལ་གོམས་གཤིས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་བཅས་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོའི་ཡིད་སེམས་དབང་མེད་དུ་བགུག་ཏེ་གནས་སྐོར་ལ་ཕེབས། ལྷག་པར་དུ་ད་ལོར་མཚོ་ནག་ལེགས་པོ་རོང་གི་སྣུམ་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་པ་ལས། ལྷོ་ཁ་ས་ཁུལ་གྱི་གནས་སྐོར་ལས་རིགས་ལ་གསོན་ཤུགས་བསྐྱེད་པ་མ་ཟད། ས་གནས་དེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་ཏེ་ཕྱུག་སྒྱུར་ཡོང་བར་ཕན་ནུས་གང་ལེགས་བཏོན་ཡོད་ཟེར།  །

རྩོམ་སྒྲིག་པ: མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག