མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མའི་སློབ་སྐྱོར་རོགས་དངུལ་རྩིས་སྤྲོད་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-16 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས2014ལོའི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཆབ་མདོའི་སློབ་མ་ལ་སློབ་གྲྭ་ཞུགས་པའི་སློབ་སྐྱོར་རོགས་དངུལ་རྩིས་སྤྲོད་བྱས། སློབ་སྐྱོར་རོགས་དངུལ་དེ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་གསར་བར་ཐེངས་གཅིག་རང་བཞིན་ལ་ཁ་གསབ་རོགས་སྐྱོར་བྱ་རྒྱུ་ཡིན་ཞིང་། ཕ་ཡུལ་ནས་གདན་ཞུ་སློབ་གྲྭ་བར་གྱི་ལམ་རིན་དང་། སློབ་གྲྭ་ཞུགས་རྗེས་ཀྱི་དུས་ཡུན་ཐུང་ངུའི་འཚོ་བའི་དངུལ་བཅས་འདུས་ཡོད། རོགས་སྐྱོར་ཚད་གཞི་ནི་རང་སྐྱོང་ལྗོངས་ནང་ཁུལ་གྱི་སློབ་ཆེན་སློབ་མ་གསར་བ་མི་རེར་སྒོར500རེ་དང་། རང་སྐྱོང་ལྗོངས་ཕྱི་རོལ་གྱི་སློབ་ཆེན་སློབ་མ་གསར་བ་མི་རེར་སྒོར1000རེ་བཅས་ཡིན། བསྡོམས་པའི་སློབ་མ93(ལྗོངས་ནང་ཁུལ་གྱི་སློབ་མ36དང་། ལྗོངས་ཕྱི་རོལ་གྱི་སློབ་མ57)ལ་རོགས་སྐྱོར་བྱས་ཡོད་ཅིང་། འབྲེལ་ཡོད་མ་དངུལ་སྒོར་ཁྲི7.5ལ་སླེབས་ཡོད་པ་རེད།  །

 

རྩོམ་སྒྲིག་པ: མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག