མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྐུད་མེད་དྲ་རྒྱའི་གྲོང་ཚོ་ཐོག་མ་ཉིང་ཁྲི་ས་ཁུལ་ནས་བཙུགས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-15 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ཉིང་ཁྲི་ས་ཁུལ་སྣང་རྫོང་དཀྲོགས་གྲོང་ཚོའི་གྲོང་མི་ཡོངས་ཀྱིས་ལུས་ལ་གཟབ་ཆས་ལེགས་པར་སྤྲས་ནས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་དུ་འཛོམས་ནས། ཉིང་ཁྲི་ཁུལ་གྱི“སྲིད་འཛིན་གྲོང་ཚོའི་རྨོངས་ཁུལ་རྒྱ་ཁྱབ་ལས་གྲྭ”Cདྲ་བའི་ས་ཚིགས་དང་ལྗོངས་ཡོངས་ཀྱི་སྐུད་མེད་དྲ་རྒྱའི་གྲོང་ཚོ་དུས་གཅིག་ཏུ་བདེ་བླག་ངང་འགྲུབ་པར་དངོས་སུ་རོལ་མྱོང་བྱས། དེས་བོད་ལྗོངས་ཞིང་ཁུལ་གྱི་ཆ་འཕྲིན་ཅན་གོམས་སྟབས་གསར་པ་ཞིག་ཏུ་སླེབས་པ་མཚོན།

སྣང་རྫོང་དུང་དཀར་གྲོང་རྡལ་གྱི་དཀྲོགས་གྲོང་ཚོར་དུད་ཁྱིམ60ཡོད་པ་དང་། བསྡོམས་པས་མི་གྲངས227ཡོད། “སྲིད་འཛིན་གྲོང་ཚོའི་རྨོངས་ཁུལ་རྒྱ་ཁྱབ”ལས་གྲྭའི་འཛུགས་སྐྲུན་གྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་། རི་ཁུག་ཏུ་གནས་པའི་ཞིང་འབྲོག་མི་དམངས་ཀྱིས་མགྱོགས་མྱུར་ངང་དེང་རབས་ཅན་གྱི་ཆ་འཕྲིན་ལོངས་སུ་སྤྱོད་ཆེད། ཀྲུང་གོའི་གློག་འཕྲིན་ཉིང་ཁྲིའི་ཡན་ལག་ཀུང་སིས་མ་དངུལ་བཏང་ནསCདྲ་བའི་ས་ཚིགས་དང་སྐུད་མེད་དྲ་རྒྱ་སྐྲུན་པ་དང་། སྣང་རྫོང་སྲིད་གཞུང་གིས་མ་དངུལ་བཏང་ནས་གློག་ཀླད་སོགས་ཉོ་སྒྲུབ་བྱས་ཡོད་པ་རེད། མིག་སྔའི་བར། དཀྲོགས་གྲོང་ཚོར་ཁ་པར་ལས་སྒོ126གཉེར་བ་དང་། དྲ་རྒྱའི་ལས་སྒོ63གཉེར་ཡོད་པ་རེད།

སྐུད་མེད་དྲ་རྒྱའི་གྲོང་ཚོ་དང་པོ་དེ་བོད་ལྗོངས་ནས་དངོས་སུ་བདེ་བླང་ངང་ལེགས་འགྲུབ་བྱུང་བ་ལས། རྗེས་ཕྱོགས་སྔར་ལས་ལྷག་ནའི་སྒོ་ནས“ཤེས་རིག”ལྡན་པའི་ཤང་དང་གྲོང་ཚོ་འཛུགས་སྐྲུན་བྱས་ཏེ་ཞིང་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་རྒྱུར་རོགས་རམ་དང་། ཁེ་ལས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་ལ་ཕན་ནུས་བསྐྲུན་པ་་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག