མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས་སློབ་གསོའི་སློབ་ཁྲིད་སྐུལ་སློང་བྱེད་ཐབས་གཏན་འབེབས་བྱས།

མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-15 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་སློབ་གསོ་ལ་བརྟེན་ནས་ས་ཁུལ་དར་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། སློབ་གསོའི་ལས་དོན་ཕྱོགས་ཡོངས་ནས་སྙོམས་སྒྲིག་དང་ཆ་སྙོམས་སུ་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་ནས། 《ཉིང་ཁྲི་ས་ཁུལ་གྱི་སློབ་གསོའི་སློབ་ཁྲིད་སྐུལ་སློང་བྱེད་ཐབས(ཚོད་ལྟའི་ལག་ལེན)》གཏན་འབེབས་བྱས།

《ཉིང་ཁྲི་ས་ཁུལ་གྱི་སློབ་གསོའི་སློབ་ཁྲིད་སྐུལ་སློང་བྱེད་ཐབས(ཚོད་ལྟའི་ལག་ལེན)》ལྟར་ན། “སློབ་གཉེར་ཕན་འབྲས་བྱ་དགའ་དང་། མི་སྒེར་གྱི་གྲུབ་འབྲས་བྱ་དགའ། དགེ་རྒན་ཕུལ་བྱུང་གི་སྐུལ་སློང་བྱ་དགའ། སློབ་གསོ་ལ་མཐོང་ཆེན་གནང་བའི་ཁྱིམ་ཚམ་གྱི་བྱ་དགའ”བཅས་བཀོད་སྒྲིག་བྱས་ཡོད་ཅིང་། ཉིང་ཁྲི་ས་ཁུལ་གྱིས་ལོ་རེའི་མ་དངུལ་སྒོར་ཁྲི700ཡན་བཀོད་སྒྲིག་བྱས་ཏེ་ས་གནས་དེའི་མཐོ་འབྲིང་སློབ་གསོ་དང་། ལས་རིགས་སློབ་གསོ། འོས་འགན་སློབ་གསོ། སློབ་སྔོན་སློབ་གསོ་བཅས་ཀྱི་ཁྲོད་སློབ་སྦྱོང་འབྲས་བུ་འབར་དུ་ཐོན་པའི་སློབ་གྲྭ་དང་། དགེ་རྒན། སློབ་མ། ཁྱིམ་བདག་བཅས་ལ་བྱ་དགའ་སྟེར་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ: མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག