མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ཟླ1པོ་ནས་ཟླ9བའི་བར་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར239.3ལ་སླེབས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-15 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྐོར་གྱི་དཔྱད་གླེང་ཚོགས་འདུ་བསྡུས། ཚོགས་ཐོག་ནས་དུས་ཚིགས་སྔོན་མ་གསུམ་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་བསྡོམས་དང་། སྔར་ཡོད་ཀྱི་གནད་དོན་མངོན་གསལ་ལ་དབྱེ་ཞིབ་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མའི་བློ་རྩ་གཅིག་ཏུ་སྒྲིམ་ཏེ་ལོ་འགོར་གཏན་ཁེལ་བྱས་པའི་བྱ་བའི་དམིགས་འབེན་ལས་འགན་ཚད་ལས་བརྒལ་ཏེ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་དགོས་པར་སྐུལ་སྤེལ་བཏང་།

རྒྱུས་ལོན་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ9བའི་བར་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཕྱོགས་ནས་གཏན་རླིང་ཡིན་ཞིང་། མགྱོགས་མྱུར་དང་། བདེ་བླག གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་དེ། ཚོད་རྩིས་ལྟར་ན། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར239.3ལ་སླེབས་ཡོད་པ་དང་། ལོ་སྔོན་མའི་དུས་མཉམ་ལས12.0%འཕར་ཡོད། གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར288ལ་སླེབས་ཡོད་པ་དང་། 20.0%འཕར་སྣོན་བྱུང་། གྲོང་རྡལ་སྡོད་དམངས་ཀྱིས་མི་རེའི་ཆུ་སྙོམས་སུ་བེད་སྤྱོད་བྱེད་ཆོག་པའི་ཡོང་སྒོ་སྒོར17679ལ་སླེབས་ཡོད་དེ། 9.0%འཕར་ཡོད། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་རྐྱང་སྒོར5586ལ་སླེབས་ཡོད་དེ། 20.2%འཕར་ཡོད། དེ་མིན་ཚོང་འགུག་དངུལ་འདྲེན་སྐོར་གྱི་རྣམ་གྲངས256དངོས་འབེབས་བྱས་ཡོད། དེའི་ནང་གསར་དུ་འཛུགས་སྐྲུན་བྱས་པའི་རྣམ་གྲངས117ཡོད་པ། བསྟུད་མར་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས139ཡོད། རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར573.22བཏང་ཡོད་དེ། དོན་དངོས་སུ་མ་དངུལ་སྒོར་དུང་ཕྱུར146.456དམིགས་སར་འབྱོར་ཡོད་པས། 30.4%བཅས་འཕར་སྣོན་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག