མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཁེ་ལས22སྐབས་བཅུ་གཅིག་པའི་ཀྲུང་གོའི་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་གི་འགྲེམས་ཚོགས་ལ་ཞུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-14 10:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས11ཉིན་གྱི་སྔ་དྲོ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། ཐན་རྒྱུ་ཉུང་བ། སྦག་བཙོག་མེད་པ་བཅས་ཀྱིས་གཙོ་དོན་བྱེད་པའི་སྐབས་བཅུ་གཅིག་པའི་ཀྲུང་གོའི་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་གི་འགྲེམས་ཚོགས་ཀོང་ཀྲུའུ་རུ་འཚོགས་པ་དང་། རང་ལྗོངས་ཀྱི་ཁེ་ལས22ད་ཐེངས་ཀྱི་འགྲེམས་ཚོགས་ནང་བཞུགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲུན་ཧྭ་དང་ཀོང་ཏུང་ཞིང་ཆེན་གྱི་དབུ་འཛིན་ཀྲུའུ་ཞའོ་ཏན་རྣམ་གཉིས་འགྲེམས་ཚོགས་ལ་ཕེབས་པ་མ་ཟད་བོད་ལྗོངས་འགྲེམ་ཁུལ་དུ་གཟིགས་སྐོར་ཡང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཇེ་འགྲེམས་ཚོགས་ལ་ཕེབས་ཡོད་པ་རེད།

ཧུའུ་ཁྲུན་ཧྭ་དང་བཅས་པས་སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་གི་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁུལ་གྱི་ཐོན་ལས་གཙོ་བོ་སྟེ་རང་བྱུང་འཐུང་ཆུའི་འགྲེམ་སྟོན་ལ་གཟིགས་སྐོར་གནང་སྐབས། རང་བྱུང་དང་། དྭངས་གཙང་། བདེ་ཐང་བཅས་ཀྱི་ལེགས་ཆ་ལྡན་པའི་བོད་ཀྱི་རང་བྱུང་འཐུང་ཆུར་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པ་མང་པོས་དགའ་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་སྦྲགས གཏེར་ཆུ5100དང་ཇོ་མོ་གླང་མའི་འཁྱགས་རོམ་གཏེར་ཆུ། གནོད་མེད་བཟའ་བཅའ། བོད་སྨན། ཞལ་ཐང་སོགས་ཀྱིས་ཚབ་མཚོན་བྱེད་པའི་བོད་ཀྱི་རང་བྱུང་འཐུང་ཆུ་སོགས་ཁྱད་ལྡན་ཁྱད་འཕགས་ཐོན་ལས་གཞི་ཁྱོན་རྣམ་པའི་གོང་འཕེལ་འགྲོ་ཚུལ་བཟང་པོར་ཚད་འབེབས་མཐོ་པོ་གནང་བ་རེད། བོད་ལྗོངས་འགྲེམ་ཁུལ་དུ་ཐུན་མོང་མ་ཡིན་ཞིང་ཡིད་དབང་འཕྲོག་ཤུགས་ཆེ་བའི་འགྲེམས་ཁང་གི་ཁྱད་ཆོས་དང་། སྣེ་མང་ཕུན་སུམ་ཚོགས་པའི་འགྲེམས་སྟོན་དངོས་པོས་འགྲེམ་སྟོན་ནང་ཞུགས་མཁན་ཚོང་པ་མང་པོའི་ཡིད་དབང་འཕྲོག་ནས། བློ་འདྲི་དང་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག