མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཡིག་དུས་དེབ་ཚོད་ལྟའི་ལྟ་དེབ་ཀྱི་དགེ་སློབ་སྤེལ་རེས་བཞུགས་མོལ་ལྷོ་ཁ་ནས་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-14 10:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས11ཉིན་གྱི་སྔ་དྲོ། ཤེས་བྱ་ནི་སྟོབས་ཤུགས་རེད་ཅེས་པའི་བོད་ཡིག་དུས་དེབ་ཚོད་ལྟའི་ལྟ་དེབ་ཀྱི་དགེ་སློབ་སྤེལ་རེས་བཞུགས་མོལ་ཚོགས་འདུ་ལྷོ་ཁ་ས་ཁུལ་མཐོ་རིམ་སློབ་འབྲིང་དང་པོར་འཚོགས་པ་རེད།

 སྤེལ་རེས་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཏང་ཙུའུ་ཡི་ཁོངས་མི། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཞུས་ཡན་ཧའོ་བཅས་པས་ལྷོ་ཁ་ས་ཁུལ་གྱི་དགེ་སློབ་འཐུས་མི་ཁག་ཅིག་གི་ཤེས་བྱ་ནི་སྟོབས་ཤུགས་རེད་ཅེས་པའི་བོད་ཡིག་དུས་དེབ་ལ་འཛིན་པའི་བསམ་འཆར་དང་གྲོས་འགོ་གསན་གནང་བ་དང་སྦྲགས། བསམ་འཆར་དང་གྲོས་འགོ་དེ་དག་ལ་གཞིགས་ཏེ། ཤེས་བྱ་ནི་སྟོབས་ཤུགས་རེད་ཅེས་པའི་བོད་ཡིག་དུས་དེབ་ལེགས་པོ་གཉེར་ནས་བོད་ཁུལ་གྱི་རྒྱ་ཆེའི་སྤྱི་དམངས་ལ་ཞབས་ཞུ་དེ་བས་ལེགས་པ་སྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།

སྤྱི་ལོ2015ལོའི་ཟླ་བ3པར་ཤེས་བྱ་ནི་སྟོབས་ཤུགས་རེད་ཅེས་པའི་བོད་ཡིག་དུས་དེབ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་དང་། དུས་དེབ་དེའི་ནང་བོད་རིགས་གཞོན་ནུ་ལོ་ཆུང་གི་སློབ་གཉེར་དང་དགའ་ཕྱོགས། འཚོ་བ་བཅས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་མི་མང་ཆེ་བས་དོ་སྣང་བྱེད་པའི་དམངས་འཚོའི་ཚན་རིག་ཁྱབ་གདལ་དང་སྟབས་བསྟུན་ཚན་རིག་ཁྱབ་གདལ། གསར་དར་ཚན་རིག་ཁྱབ་གདལ་སོགས་ཀྱི་ནང་དོན་ཡང་མངོན་གང་ཐུབ་བྱས་ཐོག དུས་དེབ་དང་འོད་སྡེར་གྱི་རྣམ་པའི་ཐོག་ནས་དཔེ་སྐྲུན་བྱ་རྒྱུ་ཡིན་ཞིང་། པར་རིས་དང་སྒྲ་ལམ་། བརྙན་ལམ་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་ཀློག་པ་པོའི་ལྟ་ཀློག་གི་དགོས་མཁོ་སྐོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག