མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་ཚིགས་སྔོན་མ་གསུམ་གྱི་ནང་བོད་ལྗོངས་ཀྱི་དཔྱ་ཁྲལ་སྒོར་དུང་ཕྱུར126ཙམ་ལ་སླེབས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-14 09:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཁྲལ་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་བོད་ལྗོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱིས་རིགས་སོ་སོའི་དཔྱ་ཁྲལ་ཡོང་སྒོ་སྒོར་དུང་ཕྱུར125.89བསྡུ་བར་རྩ་འཛུགས་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས24%འཕར་ཡོད་དེ། དུས་ཚིགས་སྔོན་མ་གསུམ་གྱི་ནང་དཔྱ་ཁྲལ་བསྡུ་ཚད་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ་མངོན་འགྱུར་བྱས། དུས་ཚོད་ཀྱི་གོ་རིམ་ལྟར་ན། ཁྲལ་བསྡུ་སྤྱི་གྲངས་དང་འཕར་ཚད་སོ་སོ་ནས་ཉེ་བའི་ལོ10རིང་གི་ཆུ་ཚད་ཅུང་མཐོ་ཤས་ལ་སླེབས་ཡོད་པ་དང་། ཐེངས་གཅིག་རང་བཞིན་གྱི་ཁྲལ་བསྡུ་ཇེ་མང་དུ་ཡོང་བའི་བསྡུར་གྲངས་དུས་མཉམ་ལས་བསྟུད་མར་ལོ་གསུམ་ལ་ཆག་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་ཁྲལ་བསྡུ་སྤུས་ཚད་དང་ཕན་ནུས་གཉིས་ཟུང་དུ་འབྲེལ་བར་སྐུལ་འདེད་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག