མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས2020ལོར་སླེབས་དུས་གྲོང་རྡལ་རེ་རེ་ལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡོད་པ་མངོན་འགྱུར་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-14 09:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་བོད་ལྗོངས་ཀྱི་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་གནམ་གཤིས་ཞབས་ཞུ་མ་ལག་འཛུགས་པར་འབད་བརྩོན་བྱས་ཏེ། 2020ལོར་སླེབས་དུས“རྫོང་རེ་རེ་ལ་གནམ་གཤིས་བརྟག་དཔྱད་ཅུའུ་རེ་ཡོད་པ་དང་། གྲོང་རྡལ་རེ་རེ་ལ་གནམ་གཤིས་བརྟག་དཔྱད་ས་ཚིགས་རེ”ཡོད་པའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན་པར་བསྟན།

མིག་སྔར་བོད་ལྗོངས་སུ་ལྗོངས་དང་། ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་ཅན་གྱི་གནམ་གཤིས་སྔོན་འགོག་མ་ལག་སྒྲོམ་གཞི་ཐོག་མར་གྲུབ་ཡོད་དེ། གྲོང་ཚོ་རིམ་པའི་གནམ་གཤིས་སྔོན་བརྡ་སྒྲོག་མཁན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་མ་ཟད། བོད་ལྗོངས་ཀྱི་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་གནམ་གཤིས་ཕྱོགས་བསྡུས་བྱ་བའི་སྟེགས་བུ་གསར་སྤེལ་བྱས་ཤིང་། རྫོང་རིམ་པའི་དེང་རབས་གནམ་གཤིས་ཕྱོགས་བསྡུས་བྱ་བའི་སྟེགས་བུ་གཅིག་གྱུར་ཅན་དུ་གཏོང་བའི་ཚོད་ལྟའི་བྱ་བའམ་སྤེལ་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག