མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་བལ་ཡུལ་དུ་སྤེལ་བའི་ཀྲུང་གོའི་དཔེ་དེབ་འགྲེམ་སྟོན་ཀ་ཏ་མན་རྡུ་ནས་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-10-13 11:14

                         2014ལོར་བལ་ཡུལ་དུ་སྤེལ་བའི་ཀྲུང་གོའི་དཔེ་དེབ་འགྲེམ་སྟོན་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་རྡུ་རུ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10ཚེས11ཉིན། སྤྱི་ལོ2014ལོར་བལ་ཡུལ་དུ་སྤེལ་བའི་ཀྲུང་གོའི་དཔེ་དེབ་འགྲེམ་སྟོན་དེ་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་དུར་འགོ་ཚུགས་པ་དང་། ཀྲུང་གོའི་དཔེ་དེབ་འགྲེམས་སྟོན་ཚོགས་པའི་ཚོགས་གཙོ། བོད་རང་སྐྱོང་ཏང་ཨུད་ཀྱི་རྒྱུན་ཨུད། ལྗོངས་དྲིལ་བསྒྲགས་པུའི་པུའུ་ཀྲང་རྡུང་ཡུན་ཧུའུ་དང་། བལ་ཡུལ་གྱི་དེ་སྔའི་ཙུང་ལི་པ་ཐ་སླ་ཡིད་སོགས་ཀྲུང་གོ་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བརྒྱ་ཁྲག་འགྲེམ་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

       ཀྲུང་གོའི་དཔེ་དེབ་འགྲེམ་སྟོན་ཚོགས་པའི་ཚོགས་གཙོ། བོད་རང་སྐྱོང་ཏང་ཨུད་ཀྱི་རྒྱུན་ཨུད། ལྗོངས་དྲིལ་བསྒྲགས་པུའི་པུའུ་ཀྲང་རྡུང་ཡུན་ཧུའུ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་བཞིན་པ།

བལ་ཡུལ་གྱི་ཆ་འཕྲིན་དང་འཕྲིན་གཏོང་པུའུ་ཀྲང་རྨི་ནན་བདེ་སླ་ལི་ཇར་དང་ཀྲུང་གོའི་དཔེ་དེབ་འགྲེམ་སྟོན་ཚོགས་པའི་ཚོགས་གཙོ། བོད་རང་སྐྱོང་ཏང་ཨུད་ཀྱི་རྒྱུན་ཨུད། ལྗོངས་དྲིལ་བསྒྲགས་པུའི་པུའུ་ཀྲང་རྡུང་ཡུན་ཧུའུ་ཡིས་ནེ་པ་ལའི་ཀྲུང་གོའི་དཔེ་སྐྲུན་རིག་གནས་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།

བལ་ཡུལ་གྱི་སློབ་མས་དཔེ་དེབ་འགྲེམ་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག