མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་གྲྭ་ཆེན་མོས་འབུམ་རམས་པ་སྐབས་དང་པོ་བསྡུས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-10-12 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་སློབ་ཆེན་གྱིས་སློབ་ཁུལ་གསར་བ་རུ་སློབ་མགོ་ཚུགས་པའི་མཛད་སྒོ་བསྡུས་ཏེ་སྐབས་དང་པོའི་འབུམ་རམས་པའི་སློབ་མ་དགུ་སློབ་གྲྭར་ཞུགས་པར་བསུ་བ་བྱས་ལ། འདིས་བོད་ལྗོངས་སློབ་ཆེན་ལ་དངོས་གཞི་སློབ་མ་དང་། ཞིབ་འཇུག་སློབ་མ། འབུམ་རམས་པ་བཅས་ཆ་ཚང་ཞིང་རིམ་པ་མང་བའི་མཐོ་རིམ་སློབ་གསོའི་མི་སྣ་གསོ་སྐྱོང་གི་མ་ལག་གྲུབ་པ་མཚོན།

བོད་ལྗོངས་སློབ་ཆེན་གྱི་སློབ་གཙོས་མཚམས་སྦྱོར་བྱས་པ་ལྟར་ན། 2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གནས་ཨུ་ཡོན་ལྷན་ཚོགས་ཀྱིས་གྲོས་ཞིབ་ཆོག་མཆན་གནང་བ་བརྒྱུད། བོད་ལྗོངས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་དང་། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག སྐྱེ་ཁམས་རིག་པ་བཅས་རིམ་པ་དང་པོའི་རིག་ཚན་ལ་འབུམ་རམས་པ་བསྡུ་བའི་དབང་ཆ་སྤྲད། འདིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་སློབ་གནས་སྤྲད་པ་དང་རིམ་པ་དང་བོའི་རིག་ཚན་ལ་འབུམ་རམས་པ་མེད་པའི་སྟོང་ཆ་བསྐངས། རྒྱུས་ལོན་པ་ལྟར་ན། བོད་ལྗོངས་སློབ་ཆེན་ལ་བསྡོམས་པས་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་བཅུ་དགུ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག