མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་ལོ་ངོ50ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མི་སྣ་ལྡབ13འཕར་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-11 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར། བོད་ལྗོངས་སུ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་ལས་བྱེད་མི་སྣའི་གྲང་ཁྲི10ལྷག་ཡོད་པ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་མི་སྣ་ཡོངས་ཀྱི70%ཡན་ལ་ཟིན། གྲངས་ཀ་འདི1965ལོར་བོད་རང་སྐྱོང་ལྗོངས་བཙུགས་དུས་ཀྱི་བོད་རིགས་གཙོ་ཡིན་པའི་གྲངས་ཉུང་མི་རིགས་ལས་བྱེད་མི་སྣ7608ཀྱི་ལྡབ13ཡིན་པར་ཤེས་ཐུབ།

བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་དུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མི་སྣ་གསོ་སྐྱོང་དང་བདམས་བཀོལ་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད་ལ།  ཕན་འབྲས་ཡོད་པའི་བྱེད་ཐབས་སྣ་ཚོགས་སྤྱད་ནས་མི་གྲངས་མང་ཞིང་། སྒྲིག་གཞི་འོས་འཚམ་ཡིན་པ། བྱང་ཚད་ལེགས་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱས་པ་དང་སྔ་གཞུག་ཏུ་རིམ་པ་སོ་སོའི་འགོ་ཁྲིད་ལས་གནས་སྟེང་བཀོད་སྒྲིག་བྱས་པས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་ལ་བྱས་རྗེས་བཞག་ཀྱང་འཇོག་བཞིན་ཡོད།

1984ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》གཏན་འབེབས་བྱས་པ་ནས་བཟུང་། བོད་ལྗོངས་ཀྱི་དམངས་འཐུས་ཚོགས་ཆེན་དང་སྲིད་གཞུང་། སྲིད་གྲོས་བཅས་ཀྱིས་འགོ་ཁྲིད་གཙོ་བོར་བོད་རིགས་ལས་བྱེད་པས་ཁུར་ཡོད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་ཏང་སྲིད་འགོ་ཁྲིད་མང་ཆེ་ཤས་ཀྱང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་ཁུར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག