མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་མཇུག་སྒྲིལ་བ།

རྩོམ་པ་པོ། ཚེ་བརྟན་རྡོ་རྗེ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས་28ཉིན་གྱི་ཕྱི་དྲོ་ཐང་ག་སྤུས་ལེགས་འགྲེམ་སྟོན་དང་། ཐང་ག་ཉོ་ཚོང་འགྲེམ་སྟོན། ཐང་གའི་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱེད་སྒོ་བརྗོད་བྱ་གཙོ་བོར་བྱས་པའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་རེད།

འགྲེམ་སྟོན་ཐོག་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས་ཕེབས་ཡོད་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་མཚོ་མོས་གཙོ་སྐྱོང་གནང་བ་རེད།

གཙོ་གཉེར་ཕྱོགས་ཀྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད“ཀྲུང་གོའི་ཐང་གའི་གྲོང་ཁྱེར”གཏོད་པ་དང་དེ་བཞིན་ཐང་ག་སྲུང་སྐྱོབ་དང་།རྒྱུད་འཛིན།གསར་གཏོད།འཕེལ་རྒྱས་བཅས་བྱ་རྒྱུར་བསམ་ཕྱོགས་མཁོ་འདོན་བྱས་ཡོད།འགྲེམ་སྟོན་དེ་ནི་ཐང་ག་གཞི་རྟེན་དུ་བྱེད་པ་དང་།བོད་ལྗོངས་དང་ལྗོངས་ཕྱིའི་རིག་གནས་དང་དཔལ་འབྱོར་འབྲེལ་གཏུག་བྱ་ཤུགས་ཆེ་རུ་གཏོང་བ།བོད་དང་ཕྱི་རོལ་རིག་གནས་ཀྱི་མཉམ་ལས་སྟེགས་བུ་གསར་པ་གཏོད་པ།“ཀྲུང་གོའི་ཐང་གའི་གྲོང་ཁྱེར”ཞེས་པའི་མཚན་སྙན་གསར་པ་གཏོད་པ་བཅས་བྱས་ནས་ཐང་གའི་སྒྱུ་རྩལ་དུས་ཆེན་དེ་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་ཐང་གའི་རིག་གནས་སྤུས་རྟགས་གལ་ཆེན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་རིམ་བཞིན་གྱུར་ཡོད།

མཇུག་སྒྲིལ་མཛད་སྒོའི་ཐོག་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་སྤུས་རྟགས་འགྲེམ་སྟོན་གྱི་གསེར་གྱི་བྱ་དགའ་དང་།དངུལ་གྱི་བྱ་དགའ།ཟངས་ཀྱི་བྱ་དགའ།ཉར་ཚགས་བྱ་དགའ་ལེགས་ཤོས།སྒྲིག་འཛུགས་བྱ་དགའ་བཅས་སྤྲད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག