མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་སྟོན་དུས་ཆེན་རིང་བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་ཁག་གི་རིན་གོང་སྤར་རྒྱུ་མིན་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ཟོག་གོང་ཅུད་ནས་ཤེས་རྟོགས་བྱུང་བར། ཞི་བདེ་དང་བརྟན་ལྷིང་གི་དུས་ཆེན་གྱི་རིན་གོང་གི་ཁོར་ཡུག་སྐྲུན་ཆེད། རྒྱལ་སྟོན་དུས་ཆེན་རིང་། ཕོ་བྲང་པོ་ཏ་ལ་ཚུད་པའི་བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་ཁག་གི་སྤ་སེའི་རིན་གོང་སྤར་རྒྱུ་མིན་པ་དང་། སྔར་བཞིན་ཡུལ་སྐོར་བ་མང་བའི་དུས་ཀྱི་སྤ་སེའི་རིན་གོང་ལྟར་བསྡུ་རྒྱུ་ཡིན་པས། ཡུལ་སྐོར་བ་མགོ་སྐོར་མི་ཐེབས་རྒྱུའི་དྲན་སྐུལ་བྱས་ཡོད་པ་རེད།

ད་ལོ་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པོ་ཡོད་པ་སྟེ། ལོ་སྟོད་དུ་རིམ་བརྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མིའི་ཐེངས་གྲངས་ས་ཡ་བཞི་དང་ཆིག་འབུམ་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་ཟིན་ནས། དུས་མཚུངས་ལས་བརྒྱ་ཆ19.8འཕར། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར40.77བྱུང་ནས། དུས་མཚུངས་ལས་བརྒྱ་ཆ29.3འཕར་ཡོད། བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱི་ནང་ཁུལ་མི་སྣས། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སླེབས་གྲབས་ཡོད་པ་དང་བསྟུན་ནས། བོད་ལྗོངས་སུ་ཡོང་མཁན་ཡུལ་སྐོར་བའི་མི་གྲངས་ཀྱིས་ཡུལ་སྐོར་བ་མང་བའི་མཐོ་རླབས་གསར་པ་ཞིག་ཕྱུར་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་བོད་ལྗོངས་སུ་ཡུལ་སྐོར་བྱེད་པར་ཡོང་མཁན་སྟོན་དུས་ཆེན་གྱི་རྗེས་བར་རྒྱུན་མཐུད་བྱེད་རྒྱུ་ཡིན་པས། ཡུལ་སྐོར་བས་འཆར་གཞི་སྔ་སྣུར་དུ་བརྟིང་ནས། སྤ་སེ་ཉོ་མི་ཐུབ་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག