མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་གོམ་སྟབས་རྗེས་མའི་ས་གཙང་ལྷད་མེད་ཐོན་ལས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། རྡོ་རྗེ་ཚེ་བརྟན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་28ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་སྤེལ་ཚོགས་ཆེན་ཐེངས་གཉིས་པ་ལྷ་སར་འཚོགས་པ་དང་།ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་བརྡ་ཁྱབ་བཏང་བ་དང་གོམ་སྟབས་རྗེས་མའི་ས་གཙང་ལྷད་མེད་ཐོན་ལས་ཀྱི་ལས་དོན་དམིགས་ཚད་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་ཚོགས་ཆེན་ལ་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ཆེ་དགྲ་ལྷས་དང་ཐོག་ལྷ་ས་གྲོང་ཁྱེར་གྱི་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་མ་ཟད།ལྷག་པར་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་དེ་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཐུན་མོང་ངོས་འཛིན་དང་།ཐོན་ལས་འཕེལ་རྒྱས།སྤུས་རྟགས་བསྐྲུན་པ།སྔོན་དུ་བྱེད་ཕོད་པ་དང་འགན་འཁུར་ཕོད་པའི་ལས་གཏོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བའི་ཕྱོགས་བཞིའི་ཐད་ཐོབ་པའི་འཕེལ་རྒྱས་ཆེན་པོའི་ཐོག་གཅིག་སྡུད་བྱེད་དགོས་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་ལོ་ཧྲིལ་པོའི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པར་གཅིག་ནས་གཏན་ལ་ཕབ་པའི་དམིགས་ཚད་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་པ་དང་།རྒྱུན་སྲིང་སྐུལ་འདེད་བཏང་ནས་རྣམ་གྲངས་ཁག་གི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་པ་དང་།གཉིས་ནས་ཐོན་ལས་རོགས་སྐྱོར་སྲིད་ཇུས་ཀྱི་དོན་འཁྱོལ་ལས་དོན་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་བྱ་ཐབས་གསར་པ་ལེགས་སྒྲིག་དང་བཟོས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་དང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཐོན་ལས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།གསུམ་ནས་ཚན་རྩལ་གྱི་འདེགས་སྐྱོར་མ་ལག་སྐྲུན་མགྱོགས་སུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཚན་རྩལ་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ས་གཙང་ལྷད་མེད་ཐོན་རྫས་སྤུས་ཚད་ཀྱི་བདེ་འཇགས་འགན་ལེན་བྱེད་པ།བཞི་ནས་རང་བྱུང་འཐུང་ཆུ་དང་།བོད་བྱ།དཔལ་འབྱོར་ཤིང་ནགས་སོགས་ཐོན་ལས་ཆེན་པོ་དགུའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག