ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྲ་སྒྲིག་བྱེད་འགོ་ཚུགས་པ་ནས་བཟུང་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་ཚོགས་ཆུང་ཁག་དང་གྲ་སྒྲིག་ལས་ཀའི་ནང་ཞུགས་མཁན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ(གྲོང་ཁྱེར)ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། མགྱོགས་མྱུར་བྱ་སྤྱོད་སྤེལ་བ། སྒྲིག་འཛུགས་ནུས་ལྡན་བྱས་པ། ལག་བསྟར་ནན་ཏན་བྱས་པ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་འབད་འབུངས་ཧུར་ཐག་བྱས་པ་བརྒྱུད་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་ནས་ཟླ་9ཚེས་25ཉིན་གྱི་དགོང་མོ་འགོ་ཚུགས་པ་རེད། །