མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གཞུང་ཕྱོགས་དྲ་བ་ཤར་གཏོང་ཐུབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-09-25 11:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གཞུང་ཕྱོགས་དྲ་རྒྱ་འཛུགས་འགན་འཁུར་མཁན་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས WWW.tibetexpo.cn དེ་སྤྱི་ཚེས22ཉིན་གྱི་ཐོ་རེངས་ཤར་གཏོང་ཐུབ་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད།

བོད་རྒྱ་དབྱིན་གསུམ་གྱི་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གཞུང་ཕྱོགས་དྲ་རྒྱ་དེ་གཙོ་བོ་བོད་ལྗོངས་འགྲེམས་ཚོགས་ཀྱི་གནས་ཚུལ་རགས་བསྡུས་དང་། བོད་ལྗོངས་འགྲེམས་ཚོགས་ཀྱི་གནས་ཚུལ་གསར་པ། འགྲེམས་ཁུལ། ཁྱད་ལྡན་འགྲེམས་ཁུལ། པར་རིས་གསལ་བཤད་ཀྱི་འགྲེམས་ཚོགས། ཡུལ་སྐོར་རིག་གནས། ཞབས་ཞུའི་ཕྱོགས་སྟོན་བཅས་ཁག་ཆེ་བ་བདུན་ལས་གྲུབ་པ་དང༌། དེའི་ཐོག་གསར་འགྱུར་གཏོང་སྤེལ་དང་ཆ་འཕྲིན་ཞབས་ཞུ། པར་རིས་འགྲེམས་སྟོན་སོགས་ཀྱི་ནང་དོན་མཁོ་འདོན་བྱས་ཡོད་པ་དང་འགྲིམ་འགྲུལ་དང་། ཞག་སྡོད། ཡུལ་སྐོར། ཟས་རིགས་སོགས་ཀྱི་ཆ་འཕྲིན་བློ་འདྲི་བྱེད་ཆོག་པ་མ་ཟད་ཆེད་སྒྲིག་ལེ་ཚན་མང་པོ་བཏོན་ནས་བོད་ཀྱི་རིག་གནས་ཐོན་ཁུངས་གལ་ཆེན་ངོ་སྤྲོད་བྱེད་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་དང་འཛམ་གླིང་ཡུལ་སྐོར་གྱི་དམིགས་སར་གཏོད་པའི་དམིགས་ཚད་དང་བསྟུན་ནས། བོད་ལྗོངས་འགྲེམས་ཚོགས་ཀྱི་གཞུང་ཕྱོགས་དྲ་རྒྱའི་ཐོག་བོད་ཀྱི་ཡུལ་སྐོར་དང་རིག་གནས་ཕྱོགས་གཉིས་དང་འབྲེལ་བའི་ཐོན་ཁུངས་འོས་སྦྱོར་དང་ངོ་སྤྲོད་བྱས་ཏེ། གཞུང་ཕྱོགས་ལས་སྟེགས་དེ་བརྒྱུད་ཡུལ་སྐོར་རིག་གནས་ཆ་འཕྲིན་དུས་ཐོག་ཏུ་ཆ་འཕྲིན་བརྒྱུད་སྤེལ་བྱས་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་བོད་ཀྱི་རིག་གནས་ཁྱབ་འདལ་དང་བརྒྱུད་སྤེལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག