མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རྫོང་རེ་རེར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཡོད་པ་དང་འཁྲབ་སྟོན་པ་མི2000ཙམ་ཡོད་པ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-25 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ9བའི་བར། བོད་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཁུལ)74ཚང་མར་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་པ་དང་། འཁྲབ་སྟོན་པ་མི་གྲངས2000ཙམ་ཡོད་པས་ཁྱོན་ཡོངས་ནས་རྫོང་ཚང་མར་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་ཡོད་པ་མངོན་འགྱུར་བྱས།

བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་སྤྱིར་ཁོངས་མི་མི་གྲངས20གཡས་གཡོན་ཡིན་པ་དང་རྟག་ཏུ་གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་འཁྲབ་སྟོན་བྱེད་ཅིང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་གཞས་མ་གཏམ་དང་གླུ་གར། དགོད་བྲོའི་གཏམ་གླེང་སོགས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་བཞིན་ཡོད། དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ལེ་ཚན་རྣམ་པ་མང་ལ་མང་ཚོགས་དང་ཐག་ཉེ་ཞིང་འཁྲབ་ཆས་སྟབས་བདེ་བས་རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ཀྱི་དགའ་བསུ་ཐོབ་བཞིན་ཡོད།

བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། མིག་སྔར་བོད་ལྗོངས་སུ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལོ་ལྟར་གསར་རྩོམ་བྱས་པའི་ལེ་ཚན་ཁག800ལྷག་ཡོད་པ་དང་གཤམ་བསྐྱོད་འཁྲབ་སྟོན་ཐེངས2000ཙམ་བྱས་པར་གཟིགས་མོ་བ་མི་ཐེངས་ཁྲི100ཙམ་ཟིན་ཡོད།

དེ་མིན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སྐོར་ཞིག་གིས་ད་དུང་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་རིག་གནས་དེ་རང་གི་འགན་འཁྲི་རུ་བཟུང་ནས་སྲུང་སྐྱོང་དང་དར་སྤེལ་གཏོང་བཞིན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་གཙོ་གཉེར་བ་བསྟན་འཛིན་ནོར་བུས་བཤད་རྒྱུར། བོད་ཀྱི་ལྷ་མོ་འབག་སྔོན་ཞེས་པར་ངོ་མཚར་བའི་ཟློས་གར་གྱི་རྣམ་གྲངས་ཁག13ཙམ་ཡོད་པ་དང་མང་པོ་ཞིག་རྒྱུན་ཆད་ཡོད་པ་རེད། ང་ཚོས2003ལོ་ནས་བཟུང་དེར་ལེགས་སྒྲིག་བསྐྱར་བཟོ་བྱས་པ་དང་མིག་སྔར་ཆ་ཚང་བའི་སྒོ་ནས་དེའི་ཁྲོད་ཀྱི་ཁག་བརྒྱད་སླར་གསོ་བྱས་ཟིན་པ་དང་། དེ་མིན་ཟློས་གར་གྱི་རྣམ་གྲངས་ཁག5བོ་ལེགས་སྒྲིག་སླར་གསོ་བྱེད་པའི་བྱ་བའང་འགོ་བརྩམས་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག