མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཐན་ཅིན་གྲོང་ཁྱེར་གྱིས་ལོ20ཡི་རིང་ལ་མ་དངུལ་སྒོར་དུང་ཕྱུར9བཏང་སྟེ་ཆབ་མདོ་ས་ཁུལ་གྱི་བོད་སྐྱོར་རྣམ་གྲངས113འཛུགས་སྐྲུན་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-25 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་བོད་སྐྱོར་དང་ལེན་བྱ་བའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐན་ཅིན་གྲོང་ཁྱེར་གྱིས་ལོ20ཡི་རིང་ལ་བོད་སྐྱོར་མ་དངུལ་དང་དངོས་ཟོག་བསྡོམས་པས་སྒོར་དུང་ཕྱུར9ཙམ་བཏང་སྟེ་ཆབ་མདོ་ས་ཁུལ་གྱི་དམངས་འཚོའི་རྣམ་གྲངས113འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ཏེ། ཆབ་མདོ་ས་ཁུལ་གྱི་མ་མཐའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བཏང་བ་མ་ཟད། མི་རིགས་བར་གྱི་འབྲེལ་བ་བཙུགས་ཏེ་ཕན་ཚུན་གཅིག་དུ་འདྲེ་བར་སྐུལ་འདེད་བཏང་།

ཀྲུང་དབྱང་གི་བོད་ལྗོངས་བྱས་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་རྗེས་སུ། ཐན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ90%རོང་འབྲོག་ཁུལ་གྱི་གཞི་རིམ་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་དེ། གཙོ་བོ་འབྲོག་འབྲོག་པའི་མ་མཐའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་སོགས་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ཐད་བེད་སྤྱོད་བྱེད་བཞིན་ཡོད་དེ། ཕན་ནུས་ལྡན་པའི་ངང་ནས་ས་གནས་དེའི་གྲོང་རྡལ་ཆུང་ཆུང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། དེའི་ནང་། འཐོ་མདའ་རྫོང་གི་སྐམ་ཐོག་ཞིང་ལས་ཐོན་རྫས་དང་ལག་རྩལ་ཐོན་རྫས་ཉོ་ཚོང་ལྟེ་གནས་ཀྱི་རྣམ་གྲངས་ལས་ས་གནས་དེའི་རོང་འབྲོག་པ་བརྒྱ་ཙམ་ལས་གནས་སྟེང་ཞུགས་ཐུབ་པ་བྱུང་། སྟེང་ཆེན་རྫོང་གི་ཞེ་གཞུང་ཤང་ལྷ་མཐོང་གྲོང་ཚོ་གཅིག་གྱུར་ངང་གནས་སྤོ་བའི་རྣམ་གྲངས་དེ་ཆབ་མདོ་ས་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བ་དང་། ཚད་གཞི་ཆེས་མཐོ་བ། ཁ་ཚང་གི་སྒྲིག་ཆས་ཆེས་ཚང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་གྲོང་གསར་བ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ས་ཁུལ་དུ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག