མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཚན་རྩལ་ཐིང་གིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་བོད་སྐྱོར་རྣམ་གྲངས་དོན་འཁྱོལ་ཧུར་ཐག་བྱས།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-09-23 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པར་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཚུན་དུ་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཞིང་འབྲོག་ལས་ཀྱི་གཙོ་གནད་ཚན་རྩལ་ལས་དོན་དང་བསྟུན་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་བོད་སྐྱོར་རྣམ་གྲངས་རེ་ཞུ་དང་དོན་འཁྱོལ་ཧུར་ཐག་བྱས་པ་དང༌། ལོ་སྟོད་དུ་རྒྱལ་ཁབ་ཚན་རྩལ་འཆར་གཞིའི་རྣམ་གྲངས ༣༣ རེ་ཞུ་བྱས་པར་གྲོན་དངུལ་སྒོར་དུང་ཕྱུར3.23ཟིན་གྱི་ཡོད་པ་རེད།

ད་བར་ལྗོངས་ཡོངས་ཀྱི་རྫོང69ཚན་རྩལ་གྱིས་མི་དམངས་ཕྱུག་འགྱུར་དང་རྫོང་དར་རྒྱས་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་འཆར་གཞིའི་རྣམ་གྲངས79ལག་བསྟར་བྱས་པ་དང༌། རྒྱལ་ཁབ་ཀྱི་ཚན་རྩལ་གྱིས་མི་དམངས་ཕྱུག་འགྱུར་དང་རྫོང་དར་རྒྱས་ཀྱི་ཆེད་དོན་བྱ་སྤྱོད་འཆར་གཞིའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། བོད་ནུབ་བྱང་གི་ཁུ་ལུ་ཅན་གྱི་ར་དང་བོད་བྱང་ཤར་གྱི་འབྲི་གཡག བོད་ཤར་ལྷོའི་ནགས་ཁྲོད་ཐོན་ཁུངས། བོད་སྨན་གྱི་སྨན་རྒྱུ། བོད་དབུས་རྒྱུད་ཀྱི་འབྲུ་སྣུམ་སྤུས་ལེགས། གྲོང་འདབས་ཀྱི་གནོད་མེད་སྔོ་ཚལ། བོད་བྱ་དང་བོད་ཕག་སོགས་ཁྱད་འཕགས་ཐོན་ལས་ཁུལ་གྲུབ་པ་དང་གོང་འཕེལ་ཡོང་རྒྱུར་ཚན་རྩལ་གྱི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ། གཙོ་གནད་ཐོག་བོད་ལྗོངས་ཀྱི་ཁྱད་ལྡན་ཁྱད་འཕགས་ཐོན་ལས་ཁག་ཅིག་ལ་རྒྱབ་སྐྱོར་བྱས་པས་རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་འགྲོ་རྒྱུ་དང་ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་སོགས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག