མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་གྱོད་དོན་ཞིབ་བཤེར་ལས་སྒོའི་སྦྱོང་བརྡར་འཛིན་གྲྭ་ལྷ་ས་ནས་སློབ་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-09-23 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཡོངས་ཀྱི་གྱོད་དོན་ཞིབ་བཤེར་ལས་སྒོའི་སྦྱོང་བརྡར་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་དང༌། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་གཡུང་ཅུན་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཝང་གཡུང་ཅུན་གྱིས་སྒྲིག་ཁྲིམས་དང་ཁྲིམས་ལུགས། ཤེས་དཔལ་བཅས་ཀྱི་ཐོག་ནས་གྱོད་དོན་ཞིབ་བཤེར་བྱེད་པ་དང་ཞིབ་བཤེར་གྱི་འགྲོ་ལུགས་ནན་པོ་གཉེར་བ། སྒྲིག་ཁྲིམས་དང་ཁྲིམས་ལུགས། གཏན་འབེབས་བཅས་ལ་གཞིགས་ནས་དཔང་རྟགས་བསྡུ་རུབ་དང་གཏན་འཁེལ། བེད་སྤྱོད་བཅས་བྱས་ཏེ་དཔང་རྟགས་ཁུངས་བཙན་ཐོག་ནས་གྱོད་དོན་ཞིབ་བཤེར་བྱས་ནས་གྱོད་གཞི་ཚང་མ་ལོ་རྒྱུས་ཀྱི་ཚོད་བགམ་ཐེབས་ཐུབ་པ་བྱེད་པ་དང༌། གྱོད་དོན་ཞིབ་བཤེར་བདེ་འཇགས་ལྡན་པ་དང་གཏན་འབེབས་གཉིས་ཀྱི་བྱ་ཐབས་ནན་ཏན་དོན་འཁྱོལ་བྱེད་པ། གྱོད་དོན་ཞིབ་བཤེར་གྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་གྱོད་དོན་ཞིབ་བཤེར་བྱེད་སྐབས་སྒེར་དོན་སྒྲུབ་པ། གསང་བ་ཕྱིར་གྱར་རྒྱུར་བཀག་སྡོམ་ནན་པོ་བྱེད་པ། གྱོད་དོན་ཞིབ་བཤེར་བྱེད་མཁན་ཡོངས་ཀྱིས་སྒེར་སེམས་མེད་པ་དང་རྩ་དོན་རྒྱུན་འཁྱོངས་ཐོག་ནས། ཏང་དང་མི་དམངས་ཀྱིས་གནང་བའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག