མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཀྱི་དང་བླངས་པར་གུས་ལུགས་སྦྱོང་བརྡར་སྤྲད།

  ཡོང་ཁུངས། བོད་ཀྱི་གསར་འགྱུར་དྲ་བ།  2014-09-23 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གཡོན་ནས་འཛུལ་བ་དང་གཡོན་ནས་ཕྱིར་ཐོན་པ། སྡོད་སྐབས་སྐད་སྒྲ་མེད་པ། སྡོད་གནས་ལས་ཁ་བྲལ་སྐབས་གཟབ་ནན་བྱེད་པ”སྡོད་སྟངས་དང་ལངས་སྟངས་སོགས་ཀྱི་གཟུགས་པོའི་གུས་ལུགས་རྣམ་པ་བཅས་གཙོ་བོར་བྱས་པའི་སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གུས་ལུགས་ཚོགས་ཆུང་གི་གུས་ལུགས་སྦྱོང་བརྡར་བོད་ལྗོངས་སློབ་ཆེན་གྱི་སློབ་མའི་བྱེད་སྒོའི་ལྟེ་གནས་སུ་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

གྲ་སྒྲིག་ཚོགས་ཆུང་གི་ལས་དོན་མི་སྣ་ལིའི་བསྟན་གྱིས་ངོ་སྤྲོད་བྱས་པར། དུས་རིམ་གོང་མའི་གུས་ལུགས་ཚོགས་ཆུང་གི་དང་བླངས་པ་བསྡུ་བ་དང་གདོང་ཐུག་ངོ་འཕྲད་ཀྱི་གྲོས་མོལ་སོགས་ཀྱི་ལས་དོན་བརྒྱུད་དང་བླངས་པ131ལེགས་འདེམས་བྱས་ཏེ་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གུས་ལུགས་ལས་དོན་གྱི་འགན་འཁྱེར་རྒྱུ་ཡིན་པ་རེད། གཙོ་བོའི་ནང་དོན་ཐད་མགྲོན་བསུ་སྣེ་ལེན་དང་གུས་ལུགས་ཞབས་ཞུ། དངོས་ཟོག་དབོར་འདྲེན། འགྲེམས་སྟོན་གྱི་འགྲེལ་བཤད་རྒྱག་པ། གཟིགས་མོ་བར་སྣེ་ཁྲིད་དང་སྒྲིག་ལམ་ལ་སྲུང་སྐྱོང་། སྐད་བསྒྱུར། ཡིག་ཆ་སྤྲོད་པ། དེ་བཞིན་གཞན་གྱི་དང་བླངས་པས་འགན་འཁྲི་འཁྱེར་དགོས་པའི་ལས་དོན་ཚུད་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། གུས་ལུགས་ཚོགས་ཆུང་གི་དང་བླངས་པའི་སྦྱོང་བརྡར་ལས་དོན་ནི་གཅིག་སྡུད་སྦྱོང་བརྡར་དང་རིགས་དབྱེའི་སྦྱོང་བརྡར་གྱི་བྱ་ཐབས་ཐོག་ནས་སྤེལ་རྒྱུ་ཡིན་པ་དང་གུས་ལུགས་ཚོགས་ཆུང་གི་དང་བླངས་པ་རྣམས་རྣམ་པ་དང་གུས་ལུགས། ཁ་སྐད་མཚོན་ཚུལ་རྩེར་སོན་གྱི་དང་བླངས་པའི་དཔུང་ཁག་ཞིག་གཏོད་རྒྱུའི་བརྩོན་ལེན་བྱས་ཏེ་དོན་དངོས་ཀྱི་ཆས་སྤྲད་སྔོན་སྦྱོང་གོང་སྦྱོང་བརྡར་གྱི་ལས་དོན་ལེགས་གྲུབ་འགན་ལེན་བྱ་བྱས་ཏེ་བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་དོན་ཁག་བདེ་ལྷག་ངང་སྤེལ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་པ་རེད། དང་བླངས་པའི་འཐུས་མི་མི་དམར་ལྷ་མོས་སེམས་རྩ་འཁོལ་པོ་དང་ཧུར་བརྩོན་གྱི་རྣམ་པ་སོགས་ལ་བརྟེན་ནས་ཤེས་དཔལ་དང་སྤུས་ལེགས། ཕན་འབྲས་མཐོ་བ་བཅས་ཀྱི་དང་བླངས་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ་དང་བླངས་པས་ཡུལ་སྐོར་ལ་ཞབས་ཞུ་དང་འགྲེམས་ཚོགས་ལ་ཞབས་ཞུ། ལེགས་སྐྱེས་ཕུལ་འདོད་པ་བཅས་ཀྱི་དུས་རབས་ཀྱི་བརྗིད་ཉམས་མངོན་པར་བྱ་རྒྱུ་ཡིན་ཚུལ་བསྟན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག