མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་སི་ཁྲོན་ཚོང་ཚོགས་དབུ་བརྙེས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-23 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས20ཉིན། བོད་ལྗོངས་ཉིང་ཁྲིའི་སི་ཁྲོན་ཚོང་ཚོགས་ཉིང་ཁྲི་ས་ཁུལ་དུ་དབུ་བརྙེས་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ང་ཕོད་འཇིགས་ཡོན་ཚོང་ཚོགས་དབུ་བརྙེས་པའི་ཚོགས་ཆེན་དུ་ཕེབས་པ་མ་ཟད། གསུང་བཤད་ཀྱང་གནང་ཡོད་པ་རེད།

ངོ་སྤྲོད་བྱས་པར། ཉིང་ཁྲིའི་སི་ཁྲོན་ཚོང་ཚོགས་དབུ་བརྙེས་པ་དེ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ནང་གི་གནད་དོན་གལ་ཆེན་ཞིག་ཡིན་པས། སི་ཁྲོན་དང་ཉིང་ཁྲིའི་བཟོ་ཚོང་ཁོངས་ཀྱི་དཔལ་འབྱོར་ཕན་ཚུན་མཉམ་ལས་དང་སྤེལ་རེས་བྱེད་པར་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ་ཡིན་པ་རེད། བོད་ལྗོངས་ཉིང་ཁྲིའི་སི་ཁྲོན་ཚོང་ཚོགས་ཀྱིས་དབུ་བརྙེས་པའི་མཛད་སྒོ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བཟུང་ནས། རིམ་པ་ཁག་གི་ནུས་ཁུངས་ལེགས་སྒྲིག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་བསྐྲུན་ཏེ། དགེ་མཚན་གསབ་རེས་དང་ནུས་ཁུངས་མཉམ་རོལ་གྱི་མ་ལག་བསྐྲུན་ནས། ཚོགས་པའི་དགེ་མཚན་གྲུབ་པར་བྱས་ཏེ། སི་ཁྲོན་ཚོང་ཚོགས་ཀྱི་རིག་གནས་སྐྲུན་པ་དང་། ལྟེ་བར་ཕྱོགས་པའི་ཤུགས་ཚད་མངོན་པ། གོང་བུ་འགྲིལ་ཤུགས་མཐོ་རུ་བཏང་བ་བཅས་བྱས་ཏེ། ཚོང་ཚོགས་འདི་ཉིད་ཚོགས་མི་རྣམས་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དང་། དེ་བཞིན་ཚོང་གཉེར་གྲོགས་སྒྲིག་བྱེད་སའི་གར་སྟེགས་ལྟ་བུ་ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་རེད། དུས་མཚུངས། སྔར་ལས་ལྷག་པའི་སྒོ་ནས་སི་ཁྲོན་ཚོང་ཚོགས་ཀྱི་འདུ་ཤེས་དར་སྤེལ་དང་། སི་ཁྲོན་ཚོང་ཚོགས་ཀྱི་ཉམས་འགྱུར་མངོན་པར་བྱས་ཏེ། “གངས་ལྗོངས་ཀྱི་སི་ཁྲོན་ཚོང་ཚོགས”ཀྱི་ཚོང་རྟགས་གསར་པ་བསྐྲུན་ནས། བོད་ལྗོངས་དང་སི་ཁྲོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྔར་ལས་ལྷག་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

བོད་ལྗོངས་ཉིང་ཁྲིའི་སི་ཁྲོན་ཚོང་ཚོགས་ནི་བོད་ལྗོངས་སི་ཁྲོན་ཚོང་ཚོགས་དབུ་བརྙེས་པའི་ས་ཁུལ་གྱི་ཚོང་ཚོགས་ཐོག་མ་དེ་ཡིན་པ་དང་། ཉིང་ཁྲི་ས་ཁུལ་གྱི་འཚབ་མཚོན་རང་བཞིན་དང་འབུད་སྐུལ་གྱི་ནུས་པ་ལྡན་པའི་ཁེ་ལས12གྱིས་བསྐྲུན་པ་ཞིག་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག