མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཉོ་ཚོང་གྲོས་མོལ་ཚོགས་པའི་དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-23 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ9བའི་ཚེས22ཉིན་བོད་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཉོ་ཚོང་གྲོས་མོལ་བྱ་འགུལ་གྱི་མིང་རྟགས་འགོད་པའི་མཛད་སྒོ་ཚེས27ཉིན་གྱི་ཕྱི་དྲོ་ལྷ་སའི་གཟོལ་ཁང་དུ་དངོས་སུ་སྤེལ་འགོ་བརྩམ་རྒྱུ་ཡིན་ཞིང་། ཉོ་ཚོང་གྲོས་མོལ་ཚོགས་འདུའི་དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བ་ད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན། མིག་སྔར་རྣམ་གྲངས་གཙོ་བོ་སྐོར་ཞིག་གཞི་བཙུགས་ཏེ་གན་རྒྱ་འཇོག་པའི་བྱ་བར་རྩད་གཅོད་བྱེད་བཞིན་ཡོད་པ་མ་ཟད། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལའོ་ཡུས་ཏུང་གིས་བཤད་རྒྱུར། བོད་ལྗོངས་ཀྱི་དངོས་མང་སྟོན་ཚོགས་སྐབས་དང་པོའི་བརྗོད་བྱ་གཙོ་བོ་སྟེ་ཉོ་ཚོང་གྲོས་མོལ་བྱ་འགུལ་ལེགས་པོར་སྤེལ་ཆེད། བོད་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་དུ་ཚོང་འགུག་དངུལ་འདྲེན་ཉོ་ཚོང་གྲོས་མོལ་བྱ་བའི་ཚོ་ཆུང་བཙུགས་ཏེ། ཇུས་གཞི་ཞིབ་མོ་གཏན་ལ་ཕབ་ཏེ། ཀྲུང་དབྱང་གི་ཁེ་ལས་དང་། རྒྱལ་གཉེར་ཁེ་ལས། དམངས་གཉེར་ཁེ་ལས་བཅས་ཀྱི་ཁེ་ལས་སྐོར་ཞིག་གདན་དྲངས་ཏེ་ཚོགས་འདུ་ལ་ཞུགས་རྒྱུ་རེད་ཟེར།

རྒྱུས་ལོན་ལྟར་ན། ཐེངས་འདིའི་གཞི་ཚུགས་རྣམ་གྲངས་ཁྲོད་བཟོ་ལས་ལས་རིགས་དང་། བོད་ལྗོངས་ཁྱད་ལྡན་ཐོན་ལས། ནུས་ཁུངས་ལས་རིགས། སྨན་བཅོས་ལས་རིགས། རང་བྱུང་ཆུའི་ཐོན་ལས་སོགས་ཁྱབ་ཁོངས10ལྷག་འདུས། འགྲེམ་སྟོན་བྱ་འགུལ་ཁྲོད་མཚོ་བོད་བཟོ་ལས་ཁུལ། ཁྱད་ལྡན་ཐོན་རྫས། ཚན་རྩལ་གྲུབ་འབྲས་སོགས་འབྲས་བུ་མངོན་གསལ་བླངས་ཡོད་པའི་ནང་དོན་དག་འདུས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག