མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ཕྱོགས་ཀྱི་ཚན་རྩལ་བོད་སྐྱོར་རྣམ་གྲངས་ལ་དངོས་འབེབས་ལེགས་པོ་བྱུང་།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-22 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ། རང་སྐྱོང་ལྗོངས་ཚན་རྩལ་ཐིན་གྱིས་ཞིང་ཕྱུགས་ལས་ཕྱོགས་ཀྱི་ཚན་རྩལ་བྱ་བ་གལ་ཆེན་ལ་དམིགས་ཏེ། ཧུར་ཐག་ངང་སྙན་ཞུ་ཕུལ་བའི་བྱ་བ་རྩ་འཛུགས་བྱེད་པ་དང་། ཞིང་ཕྱུགས་ལས་ཕྱོགས་ཀྱི་ཚན་རྩལ་བོད་སྐྱོར་རྣམ་གྲངས་དངོས་འབེབས་བྱས། ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི་རྣམ་གྲངས33སྙན་ཞུ་འབུལ་ཡོད་དེ། སྙན་ཞུ་རུ་འབུལ་བའི་སྤྱིའི་གྲོན་དངུལ་སྒོར་དུང་ཕྱུར3.23ལ་སླེབས་ཡོད་པ་རེད།

མིག་སྔའི་བར་དུ་ལྗོངས་ཡོངས་སུ་རྫོང69ལ་དམངས་ཕྱུག་པོར་གྱུར་བ་དང་རྫོང་སྟོབས་ཆེན་དུ་གཏོང་བའི་ཆེད་སྤེལ་བྱ་འགུལ་གྱི་འཆར་གཞི་རྣམ་གྲངས79ལག་བསྟར་བྱས། དེའི་ནང་རྒྱབ་སྐྱོབ་རྣམ་གྲངས10ཡོད་པ་དང་། བསྡོམས་པས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་མ་དངུལ་སྒོར་ཁྲི15244བཏང་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་པོ་དང་རྫོང་སྟོབས་ཆེན་དུ་གཏོང་བའི་ཆེད་སྤེལ་བྱ་འགུལ་འཆར་གཞི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་དེ། ཁྱད་ལྡན་ཕུལ་བྱུང་ཐོན་ལས་སྐོར་ཞིག་སྟེ། ནས་དང་། མཐོ་སྒང་གི་གཡུང་དཀར། ཞོག་ཁོག དྲོད་ཁང་གི་སྔོ་ཚོལ། ར་མ། གཡག ཕག བྱ་ཕོ། བོད་ཀྱི་སྨན་རྩྭ། ནགས་ལས་ཐོན་ཁུངས་བཅས་ཀྱི་ཐོན་ལས་ས་ཁུལ་གྲུབ་པ་དང་འཕེལ་རྒྱས་བྱུང་བར་ཚན་རྩལ་གྱི་རྒྱབ་རྟེན་ནུས་བ་བཏོན་ཡོད་པ་མ་ཟད། བོད་ལྗོངས་ཀྱི་ཁྱད་ལྡན་ཕུལ་བྱུང་ཐོན་ལས་སྐོར་ཞིག་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས་པས། རྫོང་ཁོག་གི་དཔལ་འབྱོར་རྒྱ་བསྐྱེད་པ་དང་། ཐོན་ལས་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་སོགས་ཀྱི་ཕྱོགས་ལ་སྐུལ་འདེད་ཀྱི་ནུས་བ་གང་ལེགས་བཏོན་ཏེ། དོན་དངོས་དང་བསྟུན་པའི་སྒོ་ནས་དམངས་ཕྱུག་པོར་གྱུར་བ་དང་རྫོང་སྟོབས་ཆེན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག