མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

《བོད་ལྗོངས་ཀྱི“གཙང་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུན་གྱི་ནགས་བསྐྲུན་ལྗང་སྒྱུར་བྱ་བའི་བཟོ་འགོད》ལ་ཞིབ་བཞེར་ཆོག་མཆན་ཐོབ་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-22 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། བོད་ལྗོངས་ཀྱི“གཙང་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུན་གྱི་ནགས་བསྐྲུན་ལྗང་སྒྱུར་བྱ་བའི་འཆར་འགོད་སྡེབ་སྒྲིག་བྱ་བའི་མགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་ཐེངས་བཞི་བ་བསྡུས་ཏེ། 《བོད་ལྗོངས་ཀྱི“གཙང་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུན་གྱི་ནགས་བསྐྲུན་ལྗང་སྒྱུར་བྱ་བའི་འཆར་འགོད》ལ་ཞིབ་བཞེར་ཆོག་མཆན་ཐོབ།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུ་ལ་འགོ་འཛིན་མཛད་ཤིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིའམ། འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཅི་ཀོ་ཀང་ཚོགས་འདུ་ལ་ཞུགས།

ཚོགས་འདུ་ལས་བསྟན་དོན། འཆར་འགོད་སྡེབ་སྒྲིག་ལས་ཁུངས་ཀྱིས་གཏིང་ལོན་པའི་རྟོག་ཞིབ་བྱ་བ་མང་པོ་སྤེལ་བ་བརྒྱུད་དེ། 《བོད་ལྗོངས་ཀྱི“གཙང་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུན་གྱི་ནགས་བསྐྲུན་ལྗང་སྒྱུར་བྱ་བའི་བཟོ་འགོད》སྒྲིག་པ་ཡིན། བཟོ་འགོད་ཀྱི་སྒྲིག་གཞི་ཚད་ལྡན་ཡིན་ཞིང་། ནང་དོན་གཟབ་ནན་ཡིན་པས། བོད་ལྗོངས་ཀྱི་དོན་དངོས་དང་བསྟུན་པ་མ་ཟད། ཚན་རིག་རང་བཞིན་དང་། མཛུབ་སྟོན་རང་བཞིན། བཀོལ་སྤྱོད་རང་བཞིན་ལྡན་པས། སྡེབ་སྒྲིག་ལས་ཁུངས་ཀྱི་ལག་རྩལ་དང་། བློ་རིག ཆུ་ཚད་བཅས་མཚོན་ཐུབ། དེ་བས་མགོ་ཁྲིད་ཚོ་ཆུང་གི་ཁོངས་ཞུགས་སྡེ་ཁག་དང་། ས་ཁུལ་དང་གྲོང་ཁྱེར་སོ་སོས་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་གནང་སྟེ། མཉམ་ལས་ཞིབ་མོ་དང་། ལས་འགན་འཁུར་ཏེ། སྡེབ་སྒྲིག་བྱ་བ་གཏིང་ཟབ་དང་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། བོད་ལྗོངས་ཀྱི“གཙང་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུན་གྱི་ནགས་བསྐྲུན་ལྗང་སྒྱུར་བྱ་བ་ལག་བསྟར་བྱེད་པར་ས་ཞིང་གཙོ་བོ་ཡིན་པ་དང་། ཆུ་ནི་གནད་འགག་ཡིན་པ། སྡོང་ཕྲུག་ནི་རྨང་གཞི་ཡིན་པས། གནད་འགག་གི་གནད་དོན་འདི་དག་ཧུར་ཐག་ངང་ཐག་གཅོད་བྱས་ཏེ། བྱ་བ་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། མགོ་ཁྲིད་ཚོ་ཆུང་གི་ཁོངས་ཞུགས་སྡེ་ཁག་གིས“གཙང་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུན་གྱི་ནགས་བསྐྲུན་ལྗང་སྒྱུར་བཟོ་སྐྲུན་གྱི་གལ་ཆེན་རང་བཞིན་དང་མྱུར་མཁོའི་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་། རྒྱུས་ལོན་ཟབ་མོ་བྱེད་པ། གོ་སྐབས་དམ་འཛིན་བྱས་ཏེ། ནན་ཏན་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དོན་དངོས་དང་བསྟུན་པའི་སྒོ་ནས་དོན་ཆེན་དང་དོན་བཟང་འདི་ལེགས་པོར་བསྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག