མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས2014ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་ཟླ་བའི་བྱ་འགུལ་སྤེལ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-22 11:15

འདི་ནི་གདན་ཞུ་ཁྲོད་ཞུགས་པའི་སློབ་མས་འབྲེལ་ཡོད་སྡེ་ཁག་གི་ངོ་སྤྲོད་ལ་ཉན་བཞིན་པའི་ཚུལ་རེད།

འདི་ནི་གདན་ཞུ་ཁྲོད་ཞུགས་པའི་སློབ་མས་གདན་ཞུ་ཆ་འཕྲིན་སྤྱི་བསྒྲགས་ལ་ལྟ་བཞིན་པའི་ཚུལ་རེད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས19ཉིན། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས2014ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་ཟླ་བའི་བྱ་འགུལ་ཏེ་སྐབས་བཅུ་དྲུག་པའི་མི་ཤུགས་ཐོན་ཁུངས་ཀྱི་གྲོལ་མོལ་ཚོགས་འདུ་བསྡུས། བྱ་འགུལ་གྱི་བརྗོད་བྱ་ནི“ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ། མིང་དངོས་བཀོད་དེ་མི་རེ་རེར་ཞུབས་ཞུ་བྱེད་པ”ཞེས་པ་དེ་ཡིན། ཐེངས་འདིའི་བྱ་འགུལ་ཟླ12པའི་ཟླ་མཇུག་བར་དུ་སྤེལ་རྒྱུ་ཡིན་པ་རེད།

  བྱ་འགུལ་སྤེལ་བའི་ཡུལ་དངོས་སུ། ས་ཁུལ་སོ་སོ་ནས་ཡོང་བའི་དམངས་གཉེར་ཁེ་ལས45ཡིས་མཐོ་སློབ་མཐར་ཕྱིན་སློབ་མར་བྱ་བའི་ལས་གནས500ལྷག་མཁོ་འདོན་བྱས་ཤིང་། གདན་ཞུ་ཁྲོད་ཞུགས་པའི་སློབ་མ་མི་ཐེངས1500ལྷག་ལ་སླེབས། དེའི་ནང་སློབ་མ506ཡིས་མི་སྤྱོད་ལས་ཁུངས་ཀྱི་ལས་གནས་སྟེང་ཞུགས་འདོད་ཡོད་པའི་རེ་བ་བསྟན་ཡོད་ཅིང་། མི་ཐེངས1100ལ་ལས་ཞུགས་མཛུབ་སྟོན་གནང་ཡོད་དེ། དྲིལ་བསྒྲགས་ཡིག་ཆ500ལྷག་མངགས་གཏོང་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག