མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གཙོ་དོན་གླེང་སྟེགས་ཀྱི་གྲ་སྒྲིག་ཡག་པོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-09-21 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གཙོ་དོན་གླེང་སྟེགས་ཚོགས་འདུའི་རིགས་ཁག་གི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་དང་སྔོན་རྩིས་ལྟར་ན་ཟླ9པའི་ཚེས20ཉིན་གོང་ཚང་མ་མཇུག་འགྲིལ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གཙོ་དོན་གླེང་སྟེགས་ཚོགས་འདུ་དེ་ཚེས26ཉིན་གྱི་ཕྱི་དྲོ་འགོ་འཛུགས་རྒྱུ་ཡིན་པ་དང་ཚོགས་འདུར་རིག་གཅིག་མཁས་ཅན་དང་མཁས་དབང་དགུ་གདན་བཞུ་བྱས་ཏེ་འཛམ་གླིང་གི་གལ་ཆེའི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཁུལ་འཛུགས་སྐྱོང་གཞིར་བཟུང་ནས་ཡུལ་སྐོར་རིམ་སྤོར་ལས་རིགས་གཏོད་པ་དང་ཡུལ་སྐོར་ལས་རིགས་དང་རིག་གནས་ཐོན་ལས། དེ་མིན་འབྲེལ་ཡོད་ཁྱབ་ཁོངས་མཉམ་འདྲེས་ལ་སྐུལ་འདེད་དང་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་འཛམ་གླིང་གི་གལ་ཆེའི་ཡུལ་སྐོར་དམིགས་ས་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲོས་འགོ་དང་བསམ་འཆར་འདོན་རྒྱུ་ཡིན་པ་རེད། མིག་སྔར། ཚོགས་ཞུགས་རིག་གཅིག་མཁས་ཅན་དང་མཁས་དབང་གི་གཏམ་བཤད་ཆེད་རྩོམ་བསྡུ་རུབ་ལས་དོན་ལེགས་གྲུབ་ཟིན་པ་དང་ད་ལྟ་བོད་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་བ་དང་ཕྱོགས་སྒྲིག་གི་ལས་དོན་སྤེལ་བཞིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག