མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་སྒྲུབ་ཅེས་པའི་བོད་ལྗོངས་བྱེད་སྒོ་ལྷ་སར་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-21 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས 17ཉིན་གྱི་སྔ་དྲོ། སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་སྒྲུབ་ཅེས་པའི་བོད་ལྗོངས་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་དང་། རྒྱལ་ནང་གི་གྲགས་ཅན་གྲུམ་ནད་རིགས་གཅིག་མཁས་ཅན 62དང་སྒོར་ཁྲི་ཚོ 50 རེ་བའི་སྨན་རྫས་བླུགས་པའི་རླངས་འཁོར་ཆེན་མོ་ལྔ་ལས་གྲུབ་པའི་སྨན་བཅོས་རུ་ཁག་གིས་ཁག་སོ་སོར་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་གི་སྲིད་འཛིན་གྲོང་ཚོ་བཞི་དང་འབྲས་སྤུངས་དགོན་པར་འོས་འགན་སྨན་བཅོས་བྱེད་པར་སྐྱོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲ་ནང་རྫོང་དུ་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ཁག་སོ་སོར་ཟུར་མཁར་གྲོང་ལྷན་དང་བསམ་ཡས་གྲོང་ལྷན། མཆན་མདའ་གྲོང་ཚོ། མཆིམས་ཕུའི་སྒྲུབ་ཁང་ཁུལ་བཅས་སུ་སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱས་པ་དང་སྨན་སྤྲད་པས། གྲོང་ཚོ་དགུ་དང་དགོན་སྡེ་གཉིས་ཀྱི་མི་ཉིས་སྟོང་ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་སྒྲུབ་ཅེས་པའི་བོད་ལྗོངས་བྱེད་སྒོའི་དྲུང་ཡིག་ཆེ་མོ་གཞོན་པ་ཝང་ཡིའི་བྱང་གིས་གསར་འགོད་པར་དེ་སྔོན་ང་ཚོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། གསར་བརྗེའི་ཁུལ་རྙིང་པ་དང་གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་སྙིང་དང་ཀླད་པ། ཁྲག་རྩ་བཅས་ཀྱི་ནད་གཞི་ཕོག་མཁན་ལ་སྨན་བཅོས་བྱས་པ་དང་། སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་གྲུམ་བུ་ཚིགས་ཆེན་ནད་སོགས་ཐོན་མང་བ་དང་ན་ཚ་དེས་རྐྱེན་པས་འཆི་ཚད་མང་བར་བརྟེན། མང་ཚོགས་ཀྱི་འཚོ་བར་སྐྱོན་ཆེན་པོ་རྒྱག་གི་ཡོད་པ་ཤེས་རྟོགས་བྱུང་། ད་ལོ་ང་ཚོས་གྲུམ་བུའི་ནད་ལ་འོས་འགན་སྨན་བཅོས་བྱེད་ཐེངས་ཐོག་མ་དེ་ཡིན་པས་སླད་ཕྱིན་འབྲེལ་ཡོད་ལས་དོན་སྤེལ་ནས། གྲུམ་ནད་བཅོས་རྒྱུ་དེ་ང་ཚོའི་རྒྱུན་ལྡན་རྣམ་གྲངས་ནང་འཇུག་རྒྱུ་ཡིན་ཞེས་གསུངས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག