མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡུས་ཀྲེང་ཧྲེང་གིས་ཤིན་བོད་ནང་སའི་སློབ་མའི་སློབ་གསོ་ལས་ཀ་ཁ་ཞེ་གཉིས་མེད་ཀྱིས་བསྒྲུབ་དགོས་ཞེས་བསྟན།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-21 10:30

ཉེ་ལམ་ཡུས་ཀྲེང་ཧྲེང་གིས་ཧྲན་ཏུང་སློབ་ཆེན་དུ་སྐྱེས་ཁོངས་ཤིན་ཅིང་དང་བོད་ལྗོངས་ནས་ཡིན་པའི་སློབ་མ་རྣམས་དང་བཞུགས་མོལ་གནང་།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཉེ་ལམ་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས་འདི་སྐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་མུ་འབྲེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་ཤིན་ཅིང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་དོན་འཁྱོལ་བྱས་ཏེ། ཤིན་ཅིང་དང་བོད་ལྗོངས་གཉིས་ཀྱི་ནང་སའི་སློབ་མའི་སློབ་གསོ་སྐྱེད་སྲིང་ལས་དོན་ཁ་ཞེ་གཉིས་མེད་ཀྱིས་བསྒྲུབ་དགོས་པ་དང་ ། ཀྲུང་དབྱང་གི་ཁ་གཏད་ཤིན་སྐྱོར་དང་བོད་སྐྱོར་གྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བྱས་ནས་མི་རིགས་བར་གྱི་བརྩེ་སེམས་ཇེ་ཟབ་དང་། མི་རིགས་བར་གྱི་མཐུན་སྒྲིལ་ཇེ་དམ་དུ་བཏང་ཐོག མི་རིགས་ཁག་བར་གྱི་འབྲེལ་འདྲིས་དང་མཉམ་བསྲེས་ལ་སྐུལ་འདེད་བྱེད་པར་སྟོབས་ཤུགས་བསྩལ་དགོས་ཞེས་བསྟན།

ཚེས12ཉིན་ནས་ཚེས15ཉིན་བར་དུ། ཡུས་ཀྲེང་ཧྲེང་ལགས་སྔ་གཞུག་ཏུ་ཅི་ནན་དང་། པིན་ཀྲོའུ་སོགས་ས་གནས་སུ་ཕེབས་ཏེ། སློབ་གྲྭའི་ཁེ་ལས་དང་། གྲོང་ཁྱེར་དང་ཤང་གི་སྡོད་ཁུལ། ཁ་ཆེ་ཆོས་ལུགས་ཀྱི་དགོན་པ་བཅས་སུ་བསྐྱོད་དེ་ཐེངས་དུ་མར་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། དགེ་སློབ་རྣམས་དང་ལྷན་དུ་སློབ་གསོའི་སྐྱེད་སྲིང་ལས་དོན་སྐོར་ནས་གྲོས་བསྡུར་གནང་བ་དང་། གཞི་རིམ་ལས་བྱེད་མང་ཚོགས་དང་ལྷན་དུ་འཕེལ་རྒྱས་བརྟན་བརླིང་གི་འཆར་ཇུས་ཆེན་མོའི་ཕྱོགས་ནས་གྲོས་བསྡུར་གནང་བ་རེད།

ཡུས་ཀྲེང་ཧྲེང་གིས་ཤིན་ཅིང་དང་བོད་ལྗོངས་ཀྱི་ནང་སའི་སློབ་མའི་སློབ་གསོའི་ལས་དོན་ལེགས་པོ་བསྒྲུབ་པའི་ཐད་ལ་ཐུགས་ཁུར་ཆེན་པོ་གནང་ཡོད། ཁོང་ཉིད་ཧྲན་ཏུང་ནོར་སྲིད་དང་དཔལ་འབྱོར་སློབ་ཆེན་གྱི་ཧྲུན་ཀན་སློབ་ཁུལ་དང་། ཧྲང་ཏུང་སློབ་ཆེན་ལྟེ་གནས་སློབ་ཁུལ་གཉིས་ལ་ཕེབས་ཏེ། ཤིན་ཅིང་དང་བོད་ལྗོངས་ནས་ཡིན་པའི་མི་རིགས་གྲངས་ཉུང་ས་ཁུལ་གྱི་སློབ་མ་རྣམས་ལ་འཚམས་འདྲི་གནང་བ་མ་ཟད། ཅི་ནན་གྱི་སློབ་ཆེན་ཁག་གི་ཤིན་ཅིང་དང་བོད་ལྗོངས་ནས་ཡིན་པའི་སློབ་མ་རྣམས་དང་བཞུགས་མོལ་གནང་བ་དང་། སློབ་མ་དེ་དག་ལ་ཁྱིམ་ཚང་གི་ཡོང་འབབ་དང་། སློབ་ཡོན། སྦྱངས་བྱའི་ཆེད་ལས། ལས་ཞུགས་ཁ་ཕྱོགས། ཞིང་འབྲོག་པའི་ཁྱིམ་ཚང་གི་སློབ་མའི་བསྡུར་ཚད་ལ་སོགས་པའི་གནས་ཚུལ་སྐོར་རྩད་འདྲི་ཞིབ་ཕྲ་གནང་། ཁོང་ཉིད་བོད་ལྗོངས་སློབ་འབྲིང་དང་ཅི་ནན་ཁྲང་ཆིན་ཁུལ་གྱི་ཁྲང་ཆིན་སློབ་འབྲིང་དང་པོ་བཅས་སུ་ཕྱིན་ནས་བོད་ལྗོངས་འཛིན་གྲྭའི་སློབ་མ་དང་ཤིན་ཅིང་གི་ནང་སའི་མཐོ་འབྲིང་འཛིན་གྲྭའི་སློབ་མ་རྣམས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། དེ་མིན་ཧྲན་ཏུང་ཞིང་ཆེན་གྱི་སློབ་ཆེན་ཁག་གི་ཤིན་ཅིང་གི་སློབ་མའི་སློབ་འཁྲིད་དོ་དམ་བྱེད་མཁན་དགེ་རྒན་དང་ཤིན་ཅིང་གི་ནང་སའི་མཐོ་འབྲིང་འཛིན་གྲྭའི་དགེ་རྒན་བཅས་དང་བཞུགས་མོལ་གནང་བ་དང་། ཅི་ནན་ཁ་ཆེའི་ལྷོ་ཡི་དགོན་པར་ཕེབས་ཏེ་ཆོས་ལུགས་བྱེད་སྒོའི་གནས་ཚུལ་ལ་ཤེས་རྟོགས་གནང་། ཡུས་ཀྲེང་ཧྲེང་གིས། མི་རིགས་གྲངས་ཉུང་གི་ནང་སའི་སློབ་མའི་སློབ་གསོའི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པའི་དོན་ཆེན་ཞིག་ཡིན། སློབ་གསོའི་རོགས་སྐྱོར་ལས་ཀ་ལེགས་པོ་བསྒྲུབ་ཏེ། རང་གི་བྱིས་པ་བཞིན་གྲངས་ཉུང་མི་རིགས་ཀྱི་སློབ་མའི་སློབ་གསོ་ལ་ཐུགས་ཁུར་བྱེད་དགོས་པ་དང་། བྱིས་པ་ཕན་ཚུན་བར་ཆ་བསྒྲིགས་པ་དང་། རྒྱ་མིའི་ཁྱིམ་དུ་བསྐྱོད་པ། ཕྱི་རོལ་ཡུལ་སྐོར་དུ་འགྲོ་བ་སོགས་བྱེད་སྒོ་དུ་མ་སྤེལ་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་མས་རླབས་ཆེན་མེས་རྒྱལ་ལ་ཁས་ལེན་དང་། ཀྲུང་ཧྭ་མི་རིགས་ལ་ཁས་ལེན། ཀྲུང་ཧྭ་རིག་གནས་ལ་ཁས་ལེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ལ་ཁས་ལེན་བཅས་བྱེད་པར་འཁྲིད་སྟོན་གནང་དགོས། ཁོང་ཚོས་ཆེད་ལས་བདམས་གསེས་དང་། རྒྱ་ཡིག་ལེགས་པོ་སློབ་པ། ཆེད་ལས་རྩལ་ནུས་ཁོང་དུ་ཆུད་པ་བཅས་ལ་རོགས་རམ་བྱས་ཏེ། སློབ་སྦྱོང་དང་འཚོ་བའི་ཐོག་གི་དཀའ་ངལ་ཐག་གཅོད་ལེགས་པོ་བྱེད་དགོས་པ་དང་། ལས་ཞུགས་སློབ་སྟོན་ཞབས་ཞུ་ལེགས་པོ་བསྒྲུབ་ཏེ། སློབ་མ་དེ་དག་མི་རིགས་མཐུན་སྒྲིལ་གྱི་རྐང་འཛིན་དུ་འགྱུར་བར་ཧུར་བརྩོན་བྱས་ནས་ཤིན་ཅིང་དང་བོད་ལྗོངས་གཉིས་འཕེལ་རྒྱས་ཀྱི་རྐང་འཛིན་དུ་འགྱུར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

ཐེངས་འདིའི་ཡུས་ཀྲེང་ཧྲེང་གི་རྟོག་ཞིབ་ཀྱི་ནང་དོན་གཙོ་བོ་ནི་གནས་བབ་གསར་བའི་འོག་ཁ་གཏད་ཤིན་སྐྱོར་ལས་དོན་ལེགས་པོ་བསྒྲུབ་རྒྱུ་དེ་ཡིན། ཁོང་གིས་འགོ་འཛིན་མཛད་ནས་ཤིན་སྐྱོར་ལས་དོན་བཞུགས་མོལ་བསྡུས་ཤིང་། ཧྲན་ཏུང་གི་ཁ་གཏད་ཤིན་སྐྱོར་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས། སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འགོད་གལ་གནད་དུ་འཛིན་པའི་རྒྱུན་ལེགས་པར་བསྐྱངས་ཏེ། དམངས་འཚོ་ལེགས་བཅོས་དང་། མི་སེམས་གཅིག་བསྡུས་དམིགས་འབེན་དུ་འཛིན་དགོས་པ་དང་། ཕྱོགས་གཉིས་ཀྱི་རོགས་སྐྱོར་དང་རོགས་ཐོབ་ཀྱི་དགེ་མཚན་གཉིས་སྔར་ལས་འདོན་སྤེལ་བྱས་ཏེ། ལས་ཞུགས་དམ་འཛིན་དང་། སློབ་གསོ། འཇོན་མིས་ཤིན་སྐྱོར་བཅས་བྱས་ནས་ཐོན་ལས་ཤིན་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་བཏང་དགོས་པ་དང་། ངལ་རྩོལ་མང་འདུས་ཀྱི་ཁེ་ལས་གཙོར་བཟུང་ནས་གོང་དུ་སྤེལ་ཏེ་ལས་ཞུགས་དང་། ལྷག་པར་གྲང་ཉུང་མི་རིགས་ཀྱི་ལས་ཞུགས་མི་གྲངས་ཇེ་མང་དུ་གཏོང་བར་བརྟེན་ནས་ཤིན་སྐྱོར་ལས་དོན་ལམ་ལུགས་འཐུས་ཚང་དུ་བཏང་ཐོག ཁ་གཏད་ཤིན་སྐྱོར་ལས་དོན་གྱི་རྣམ་པ་གསར་བ་ཧུར་ཐག་གིས་གསལ་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་ཀྱི་སྐབས་སུ། ཡུས་ཀྲེང་ཧྲེང་ལགས་པིན་ཀྲོའུ་གྲོང་ཁྱེར་ཙོའུ་ཕེང་རྫོང་དུ་ཕེབས་ནས་ཧྲང་ཏུང་ཝེ་ཆའོ་ལས་རིགས་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་སི་དང་། ཧྲན་ཏིན་གྲོང་རྡལ་ཞི་ཝང་སྡོད་ཁུལ་བཅས་སུ་བསྐྱོད་དེ། ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་འགན་སྲུང་སོགས་གནས་ཚུལ་ལ་རྟོག་ཞིབ་གནང་། ཁོང་གིས་ཁེ་ལས་ཀྱིས་ཤིན་ཅིང་གི་ཐོན་ཁུངས་དགེ་མཚན་དང་གཟིགས་སྐྱོང་སྲིད་ཇུས་བཀོལ་སྤྱོད་ལེགས་པོ་བྱས་ནས་ཤིན་ཅིང་ནས་ལས་རིགས་གསར་གཏོད་བྱེད་པ་དང་། ཤིན་ཅིང་གི་ལས་ཞུགས་ལ་སྐུལ་འདེད་བྱེད་པར་ནུས་པ་འདོན་དགོས་ཞེས་ཡར་སྐུལ་གནང་བྱུང་། གནས་བབ་གསར་པའི་འོག་གི་ཤིན་ཅང་ལ་ཁ་མཐུན་རོགས་སྐྱོར་ལས་དོན་ལེགས་པོར་སྒྲུབ་རྒྱུ་ནི་ཡུས་ཀྲེང་ཧྲིང་གིས་ཐེངས་འདིའི་རྟོག་ཞིབ་ཀྱི་གནད་གཙོ་བོ་རེད། ཁོང་གིས་ཤིན་ཅང་ལ་ཁ་མཐུན་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་མཛད་ཅིང་། ཧྲན་ཏུང་གི་ཤིན་ཅང་ལ་ཁ་མཐུན་རོགས་སྐྱོར་ལས་དོན་ཐད་གདེངས་འཇོག་གང་ལེགས་མཛད། ཁོང་གིས་སྤྱི་ཚོགས་བརྟན་འཇགས་དང་ཡུན་རིང་བརྟན་བརླིང་ཡོང་རྒྱུ་དེ་གཞི་ཚུགས་དང་ཤུགས་འདོན་སར་འཛིན་པ་དང་། དམངས་འཚོ་བཅོས་སྒྱུར་དང་། མི་སེམས་གཅིག་སྒྲིག་དམིགས་འབེན་དུ་བཟུང་ནས། ཕྱོགས་གཉིས་ཀའི་ཧུར་ཐག་རང་བཞིན་དང་ལེན་དང་། ལས་ཞུགས་དང་། སློབ་གསོ། འཇོན་མིའི་ཤིན་སྐྱོར་སྔར་བས་ལེགས་པོར་སྒྲུབ་པ་དང་། ཐོན་ལས་ཤིན་སྐྱོར་བྱེད་ཚད་ལ་སྔར་བས་ཆེར་བསྐྱེད། ངལ་རྩོལ་ཕྱོགས་བསྡུས་ཅན་གྱི་ཁེ་ལས་འཕེལ་རྒྱས་ལྟེ་བར་འཛིན་པ། ལས་ཞུགས་དང་ལྷག་དོན་གྲངས་ཉུང་མི་རིགས་ཀྱི་ལས་ཞུགས་མི་འབོར་ཇེ་ཆེར་བཏང་ནས་ཤིན་ཅང་ལ་ཁ་མཐུན་རོགས་སྐྱོར་ལས་དོན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཧུར་ཐག་སྒོས་ཁ་མཐུན་ཤིན་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན།

ཟླ9བའི་ཚེས13ཉིན་ཡུས་ཀྲེང་ཧྲེང་གིས་བོད་ལྗོངས་སློབ་འབྲིང་དང་བོད་ལྗོངས་འཛིན་གྲྭའི་སློབ་མ་རྣམས་དང་མཉམ་དུ་བོད་ཀྱི་གླུ་གཞས་ལེན་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག