མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས"གཅིག་རྐྱང་གཉིས་བཙའ"ཡི་སྲིད་ཇུས་མི་རིང་བར་ལག་བསྟར་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-21 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་འཕྲོད་འཆར་ཨུའི་ཀྲུའུ་རེན་གཞོན་པ་ཀོ་ཅེར་ཐིས་ཡིས་དེ་རིང་བཤད་པ་ལྟར་ན། བོད་ལྗོངས་སུ་མི་རིང་བར"གཅིག་རྐྱང་གཉིས་བཙའ"(བཟའ་ཟླ་གཉིས་ཀྱི་ཕྱོགས་གཅིག་ཁེར་སྐྱེས་ཡིན་ཞིང་། དེ་གཉིས་ཀྱི་སྐྱེ་མགོ་མཚེ་མ་མིན་ཚེ། ཕྲུ་གུ་གཉིས་པ་བཙའ་ཆོག་པ་ལ་ཟེར)གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། བོད་ལྗོངས་ཀྱིས་ཀྲུང་དབྱང་གི་གཅིག་རྐྱང་གཉིས་སྐྱེའི་སྲིད་ཇུས་དང་བོད་ལྗོངས་ཀྱི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་དངོས་ཡོད་གཉིས་སྦྱར་ཏེ་བྱེ་བྲག་གི་ཞིབ་སྲོལ་གཏན་འབེབས་བྱ་རྒྱུ་རེད། "ང་ཚོས་ད་སྔ་གྲོས་བསྡུར་བྱེད་ཀྱི་ཡོད། སྲིད་ཇུས་ཁོད་ཡངས་པོ་གང་འཚམས་དང་། རང་ལྗོངས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་དང་མཐུན་པའི་ཞིབ་སྲོལ་འདོན་རྒྱུ་ཡིན"ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག