མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་སེང་གེ་ཁ་འབབ་གྲོང་རྡལ་དུ་བྱེ་འགོག་བྱེ་བཅོས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-20 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་དུ་བྱེ་འགོག་བྱེ་བཅོས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། སང་ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སེང་གེ་ཁ་འབབ་གྲོང་རྡལ་མཐའ་འཁོར་གྱི་ནགས་བཟོ་སྔོ་འགྱུར་ལས་དོན་ལ་བླང་བྱ་བཏོན་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་སེང་གེ་ཁ་འབབ་གྲོང་རྡལ་མཐའ་འཁོར་གྱི་ནགས་བཟོ་སྔོ་འགྱུར་ནི་རླུང་འགོག་བྱེ་འཇགས་དང་ཆུ་རྩ་གསོ་འཁྱོངས། ཁོར་ཡུག་ལེགས་སུ་གཏོང་རྒྱུ་བཅས་ལ་ཕན་པ་དང་དེར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པ་མ་ཟད། ལོ་རྒྱུས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལས་གྲྭ་དེ་སྔོན་ལ“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་གྱི་ཚོད་ལྟ་བྱེད་ཁོངས་སུ་བཅུག་དགོས་པ་དང་། རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་རང་འགུལ་མཐུན་སྦྱོར་དང་ཚན་རིག་དང་མཐུན་པའི་འཆར་འགོད། ཇུས་འགོད་ཞིབ་ཕྲ། མ་དངུལ་གཏོང་ཤུགས་ཆེར་གཏོང་། གཞི་ཁྱོན་རྒྱ་ཆེར་བཅས་གཏོང་དགོས། མངའ་རིས་ས་ཁུལ་གྱིས་གོ་སྐབས་དམ་འཛིན་བྱས་ནས་ལྗོན་ཤིང་འདེབས་རྒྱུར་འཚམ་སར་ལྗོན་ཤིང་འདེབས་པ་དང་སོན་ལེགས་མྱུག་བཟང་བེད་སྤྱོད་བྱེད་དགོས་པ། ཆུ་བེད་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་དུས་རིམ་རྗེས་མའི་དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་བཅས་བརྒྱབ་ནས་གསོན་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག