མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཁབ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བོད་ལྗོངས་ཀྱི་འོས་འགན་སློབ་གསོའི་སློབ་གཉེར་ཆ་རྐྱེན་གྱི་ཞིབ་བཤེར་བསམ་འཆར་ལ་བརྡ་ལན་བསློགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-20 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས17ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རང་ལྗོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་གྱི་ལྟ་སྐུལ་ཞིབ་བཤེར་བསམ་འཆར་དང་གྲོས་འགོར་བརྡ་ལན་བསློགས་པ་གསན་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་གོའི་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཡོའན་ཀྲང་གཞོན་པ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཙེང་ཐེན་ཧྲན་གྱིས་ཙུའུ་ཀྲང་གནང་བའི་རྒྱལ་ཁབ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དུས་ཡུན་ཉིན་3ནང་ལྷུན་གྲུབ་དང་། འདམ་གཞུང་། ས་སྐྱ། སྣ་དཀར་རྩེ། དཔལ་མགོན་བཅས་རྫོང་5ཡི་རྨང་གཞིའི་སློབ་གཉེར་ཆ་རྐྱེན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་ནས་རང་ལྗོངས་ཀྱི་སློབ་གསོའི་ལས་དོན་ཐད་རྩ་ཆེའི་བསམ་འཆར་དང་གྲོས་འགོ་བཏོན་ལུགས་བརྗོད་ཡོད་པ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་ད་རེས་ཀྱི་ལྟ་སྐུལ་མཛུབ་ཁྲིད་གོ་སྐབས་སུ་བྱས་ཏེ་ལས་ཀའི་འགོ་འཛུགས་ས་འཚོལ་ཞིབ་ཡང་དག་དང་ལས་དོན་སྤེལ་སྟངས་ལ་འགྱུར་ལྡོག་བཏང་ནས་མུ་མཐུད་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་འཕེལ་རྒྱས་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་སློབ་གསོའི་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་མ་གཏིང་ཟབ་བཏང་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་འགན་ལེན་བྱེད་དགོས། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་བ་དང་མི་སྣ་གསོ་སྐྱོང་གི་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་དགོས། སློབ་གསོའི་སློབ་ཁྲིད་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དེང་རབས་སློབ་གྲྭ་དང་སློབ་གཉེར་ཚད་ལྡན་བྱེད་པའི་དོ་དམ་གྱི་བླང་བྱ་གཞིར་བཟུང་དོ་དམ་གྱི་འདུ་ཤེས་དང་དོ་དམ་བྱ་ཐབས་གསར་གཏོད་ཀྱིས་བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གཉེར་གྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག