ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དང་པོའི་གཙོ་དོན་གླེང་སྟེགས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་བརྒྱུད་རིམ་ལྡན་པའི་ངང་ཏན་ཏིག་སྤེལ་ནས་སྔོན་རྩིས་བྱས་ན་ཟླ་9ཚེས་20ཉིན་གྱི་གོང་དུ་ཚང་མ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དང་པོའི་གཙོ་དོན་གླེང་སྟེགས་ཚོགས་འདུ་ནི་ཚེས་26ཉིན་གྱི་ཕྱི་དྲོར་འགོ་ཚུགས་རྒྱུ་ཡིན་ལ་ཚོགས་འདུའི་ཐོག་གདན་དྲངས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་9ཡིས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་འཛུགས་རྒྱུར་དམིགས་ནས་ཡུལ་སྐོར་ལས་རིགས་རིམ་སྤོར་བྱེད་པ་དང་། ཡུལ་སྐོར་ལས་རིགས་དང་རིག་གནས་ཐོན་ལས་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་གཞན་དག་དབར་གྱི་མཉམ་བསྲེས་ལ་སྐུལ་འདེད་གཏོང་བ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐབས་འདོན་ཇུས་འདོན་བྱེད་རྒྱུ་ཡིན་པ་རེད། །