མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས“ནན་པོ་བཞི”མཐའ་འཁྱོངས་བྱས་ནས་ཤང་གྲོང་གི་འགོ་ཁྲིད་ཚན་ཁག་སྟོབས་ཆེར་བཏང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-20 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གྲོང་ཚོའི“ཨུ་ལྷན་གཉིས”སྐབས་བརྗེ་རེས་ཀྱི་ཚོད་ལྟའི་ལས་དོན་ནང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་ཏང་གི་འགོ་ཁྲིད་འགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་ནན་པོ་དང་། གོ་རིམ་ནན་པོ། མི་སྣ་ནན་པོ་འདེམས་པ། འགག་སྒོ་ནན་པོ་སྲུང་བ་བཅས་མངོན་གསལ་དོད་པོར་བཞག་ནས་ཚོད་ལྟའི་གྲོང་ཚོ་དྲུག་གི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་པར་འདེམས་པ་དང་སྟོབས་ཆེར་བཏང་ནས་བདམས་པའི་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལོ་ན་འཚམ་པ། གྲུབ་ཆ་ལུགས་མཐུན། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་འགན་ལེན་བྱས་ནས་གྲོང་ཚོའི་ཏང་ཀྲི་པུའི་གསོན་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

ཚོད་ལྟའི་གྲོང་ཚོ་དྲུག་ནི་ཉིང་ཁྲི་རྫོང་དགུང་ཚང་མོན་པ་མི་རིགས་ཤང་གི་དགུང་ཚང་གྲོང་ཚོ་དང་། བཅུ་འཕར་གྲོང་ཚོ། པདྨ་སྟེང་གྲོང་ཚོ། ཉང་གསར་གྲོང་ཚོ། མོན་གྲོང་གྲོང་ཚོ། བཀྲ་ཆོས་གྲོང་ཚོ་བཅས་རེད།

ཉིང་ཁྲི་ས་ཁུལ་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚོད་ལྟའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་མི་སྣར་ངེས་པར་དུ“ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་ཏང་རྩ་འཛུགས་ཀྱི་གཏན་འབེབས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། བྱ་གཞག་སྒྲུབ་སེམས་དང་འགན་འཁྲིའི་སེམས་པ་ཆེན་པོ་ཡོད་པ་མ་ཟད་གཞུང་དྲང་ངང་བྱ་བ་སྒྲུབ་པ། ཞབས་ཞུའི་འདུ་ཤེས་ལེགས་པ་དང་ཞབས་ཞུའི་ནུས་པ་ཆེ་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་དང་མང་ཚོགས་ཁྲོད་དུ་སྙན་གྲགས་ཆེ་བ། ལོ་ན་གཞོན་ཞིང་རིག་གནས་རྨང་གཞི་ལེགས་པ”བཅས་གཞི་རྩའི་ཆ་རྐྱེན་ལྔ་འཛོམས་དགོས་པ་བཏོན་ཡོད། “བཅུ་མི་འདེམས་པའི”ཚད་གཞིའི་བླང་བྱ་བཏོན་པ་དང་འབྲེལ་སྐབས་བརྗེ་རེས་ལས་དོན་གྱི“གསལ་བཤད་གཱ”དང་“དྲན་སྐུལ་གཱ”བཟོས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”སྐབས་བརྗེ་རེས་ཀྱི་ལས་དོན་མི་སྣ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཏང་ཡོན་མང་ཚོགས་བཅས་ཀྱི་ལག་ཏུ་སྤྲད་ནས་རྒྱ་ཆེའི་ཏང་ཡོན་མང་ཚོགས་ཚོར“མི་ཅི་འདྲ་ཞིག་འདེམས་པ་དང་མི་ཅི་འདྲ་ཞིག་མི་འདེམས་པ”ཤེས་སུ་འཇུག་པ་རེད།

དེ་དང་དུས་མཚུངས་ཉིང་ཁྲི་ས་ཁུལ་གྱིས་ཤང་གི་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོ། ཞིང་འབྲོག་མང་ཚོགས་ཁྲོད་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཚོད་ལྟའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་མི་སྣ་འདེམས་པའི་ལས་འགན་ཁུར་ཞིང་མིག་སྔའི་བར་ངོ་སྤྲོད་ཚོགས་འདུ་ཐེངས་དྲུག་འཚོགས་པ་དང་མི་ཐེངས་500ལྷག་ཙམ་ས་ནས་བསམ་འཆར་བསྡུས་པ་རེད།

གཞན་ཡང་ཚོད་ལྟའི་གྲོང་ཚོ་ཁག་གི་གནད་དོན་མངོན་གསལ་དོད་པོ་སྒོ་ཀུན་ནས་ཤེས་པ་བྱེད་པའི་རྨང་གཞིའི་ཐོག་མི་སྣ་ནན་པོར་འདེམས་ཤིང་། ཚན་ཁག་གི་ནུས་པ་མངོན་གསལ་དོད་པོ་མེད་པ་དང་ལྷག་པར་དུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་ཡང་ན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་ད་ལྟའི་ལས་འགན་ཁུར་མི་ཐུབ་པའམ་ཡང་ན་འགོ་ཁྲིད་ཚན་ཁག་མཐུན་སྒྲིལ་མེད་པ་དང་མང་ཚོགས་ཀྱི་བློ་ཡིད་མི་ཚིམ་པའི་གྲོང་ཚོར་ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་། མང་ཚོགས་ཀུན་གྱིས་ཁས་ལེན་པ། གཞི་རིམ་ལས་དོན་ལ་སེམས་རྩ་འཁོལ་བ། ཞབས་ཞུའི་ནུས་པ་ཆེ་བ་བཅས་ཀྱི་མི་སྣའི་ནང་ནས་གྲོང་ཚོའི་ལས་བྱེད་པ་འདེམས་རྒྱུར་མཐོང་ཆེན་བྱས་ཤིང་། ཚོད་ལྟའི་གྲོང་ཚོ་6ནང་ཁྱོན་བསྡོམས་ཏང་ཀྲི་པུའུ་ཧྲུའུ་ཅི་4དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན3 “ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་15བཅས་ལེགས་སྒྲིག་དང་བརྗེ་ལེན་བྱས་པ་རེད། དཔལ་འབྱོར་འཕེལ་རྒྱས་རྗེས་སུ་ལུས་པའི་གྲོང་ཚོར་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཡོད་པ། ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་གྲོང་ཚོའི་ལས་བྱེད་པར་བདམས་པ་དང་། འགལ་བ་དང་རྩོད་གཞི་གཅིག་སྡུད་ཆེ་བའི་གྲོང་ཚོར་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་དང་འགལ་བ་དང་རྩོད་གཞི་སེལ་མཁས་པ། འགག་རྩའི་དུས་སུ་དོན་ཐུབ་པ་དང་འགན་ཁུར་ཕོད་པའི་མི་སྣ་གྲོང་ཚོའི་ལས་བྱེད་པའི་ནང་བདམས་པ། ཐོག་མ་འདེམས་པའི་མི་30ཡི་ནང“གཉིས་ལྡན་དུད་སྦྲེལ”གྱི་ཕུལ་བྱུང་སྤྱི་མི་14དང་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མི་2ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག