མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡར་ཀླུང་གཙང་བོ་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ10བར་སྤེལ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-19 11:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་བཅུ་བའི་ཡར་ཀླུང་གཙང་བོ་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ10བའི་ཚེས18ཉིན་ཉིང་ཁྲི་ས་ཁུལ་དུ་སྤེལ་རྒྱུ་ཡིན་ཞིང་། སྐབས་དེར། གནས་སྐོར་བ་རྣམས་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་ཕེབས་ཏེ་མཚོ་བོད་མཐོ་སྒང་གི་སྟོན་ཁའི་མཛེས་ལྗོངས་དང་། ཐུན་མོང་མ་ཡིན་པའི་མི་ཆོས་དམངས་སྲོལ་རོལ་མྱོང་བྱེད་ཐུབ།

ཡར་ཀླུང་གཙང་བོ་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་བོད་ལྗོངས་ཀྱི་གནས་སྐོར་ཚོང་རྟགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ཞིང་། འཛམ་གླིང་སྟེང་ཆེས་ཆེ་བའི་གྲོག་རོང་ཆེན་མོ་སྟེ་ཡར་ཀླུང་གཙང་བོ་གྲོག་རོང་ཆེན་མོའི་ཚོང་རྟགས་གཞིར་བཟུང་ནས། ད་ལྟའི་བར་དུས་ཆེན་ཐེངས་དགུ་ལ་སྤེལ་ཡོད་དེ། གནས་སྐོར་བའི་གདེང་འཇོག་ཡག་པོ་ཐོབ། རྒྱུས་ལོན་བྱུང་བ་ལྟར་ན། གཙོ་གཉེར་སྡེ་ཁག་གིས་དུས་ཆེན་སྐབས་སུ་ཆིན་ཏའོ་རྒྱལ་སྤྱིའི་དབུ་ཆང་དུས་ཆེན་དང་། སྐབས་གསུམ་པའི་ཀླུ་ནང་བསྐོར་བའི་ལྕགས་རྟ་འགྲན་བསྡུར། སྐབས་གཉིས་བའི་མེ་ཏོག་རྫོང་གི་རྐང་ཐང་ལ་རྒྱུ་བའི་རིག་གནས་དུས་ཆེན་སོགས་བྱ་འགུལ་སྤེལ་རྒྱུ་ཡིན་ཏེ། གནས་སྐོར་བ་རྣམས་ཀྱིས་ཉིང་ཁྲི་ས་ཁུལ་ནས་དུས་ཆེན་གྱི་སྤྲོ་ཚོགས་ཉམས་སུ་མྱོང་ཐུབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག