མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱིས་གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་མ་ལག་འཛུགས་སྐྲུན་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-19 11:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་གནམ་གཤིས་སྡེ་ཁག་གིས་མངའ་རིས་ས་ཁུལ་གྱི་གནམ་ཟླ་ཇེ་འཁྱགས་སུ་འགྲོ་བ་དང་། རླུང་ཆེན་མང་བའི་གནམ་གཤིས་གནོད་འཚེ་ལ་དམིགས་ཏེ། གནམ་གཤིས་ཞབས་ཞུ་ཚོ་ཆུང་བཙུགས་ཏེ། ལས་རེས་པའི་ལམ་ལུགས་ལ་ཤུགས་སྣོན་དང་། གནམ་གཤིས་ཆ་འཕྲིན་པ་དང་འབྲེལ་གཏུགས་བྱས་ནས། གོང་རིམ་སྡེ་ཁག་དང་གྲོས་བསྡུར་བྱེད་པའི་བྱེད་ཐབས་བེད་སྤྱད་དེ། གནས་གཤིས་གནོད་འཚེ་སྔོན་འགོག་བྱ་བར་ཤུགས་བསྣན་ནས། གནམ་གཤིས་ཞབས་ཞུ་ཆུ་ཚད་ཇེ་མཐོར་བཏང་།

མིག་སྔའི་བར་དུ། མངའ་རིས་ས་ཁུལ་གྱི་གནམ་གཤིས་སྡེ་ཁག་གིས་སྔ་གཞུག་ཏུ《གནམ་གཤིས་གནས་ཞུ་གལ་ཆེན》ཐེངས29ཁྱབ་བསྒྲགས་བྱས་ཤིང་། 《གནམ་གཤིས་གནས་ཚུལ་ཞུ་ཡིག》ཐེངས་ལྔ་དང་།《གནམ་གཤིས་ཆ་འཕྲིན》ཐེངས12ལ་ཁྱབ་བསྒྲགས་བྱས། དེ་མིན་ས་ཁུལ་གྱི་བརྙན་འཕྲིན་ཁང་དང་། བོད་ལྗོངས་ཞིང་ལས་དཔལ་འབྱོར་དྲ་བའི་མངའ་རིས་ཡན་ལག་དྲ་བ་དང་། ལག་འཁྱེར་ཁ་པར་གྱི་བརྡ་འཕྲིན་སོགས་ལ་བརྟེན་ནས་ས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོར་དུས་ཐོག་དུ“སྔོན་ཟོན་བརྡ་འཕྲིན”ཡང་དག8བཏང་། གནམ་གཤིས་ཞབས་ཞུ་སྐོར་གྱི་ལག་འཁྱེར་ཁ་པར་གྱི་བརྡ་འཕྲིན74580བཏང་ཡོད་དེ། ཕན་ནུས་ལྡན་པའི་སྒོ་ནས་གནམ་གཤིས་གནོད་འཚེ་ལས་ཞིང་ཕྱུགས་ལས་དང་། འགྲིམ་འགྲུལ། གནས་སྐོར་ལས་རིགས་བཅས་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་དུ་བཏང་། དེ་ལས་གཞན། མངའ་རི་ས་ཁུལ་གྱི་སྤུ་ཧྲེང་རྫོང་དང་སྒེར་རྩེ་རྫོང་གིས་སྔ་གཞུག་དུ་གནམ་གཤིས་གནོད་འཚེ་སྔོན་འགོག་བཀོད་འདོམས་པུའུ་བཙུགས་ཏེ། རྫོང་རིམ་པའི་གནམ་གཤིས་ཆ་འཕྲིན་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས1དང་། ཤང་རིམ་པའི་གནམ་གཤིས་ཆ་འཕྲིན་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས2། གྲོང་ཚོ་རིམ་པའི་གནམ་གཤིས་ཆ་འཕྲིན་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས16བཙུགས་ཏེ། གནམ་གཤིས་ཆ་འཕྲིན་པ་མི3400ཐོ་འགོད་བྱས། དེ་མིན་ས་ཁུལ་གྱི་ཞིང་ཕྱུགས་ཅུའུ་དང་། དམངས་སྲིད་ཅུའུ། རྒྱལ་ཁབ་མངའ་ཁོངས་ཅུའུ། བརྙན་འཕྲིན་ཁང་སོགས་ལས་ཁུངས་དང་མཉམ་ལས་གྲོས་ཡིག་བཀོད་དེ་ཆ་འཕྲིན་ཡིག་ཆ་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས་ནས། གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད་དེ། “སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་བར་མཉམ་འབྲེལ་བྱེད་པ། སྤྱི་ཚོགས་ཡོངས་སུ་ཞུགས་པའི”གནམ་གཤིས་གནོད་འཚེ་སྔོན་འགོག་མ་ལག་གྲུབ་ཡོད་པ་མ་ཟད། ནུས་བ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག