མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་སོ་སོའི་བཅོལ་དངུལ་སྒོར་དུང་ཕྱུར3000ལས་བརྒལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-19 11:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་སོ་སོས་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དངུལ་རྩ་མཉམ་འདྲེས་ཐབས་ལམ་རྒྱ་བསྐྱེད་པ། དངུལ་རྩའི་སྣ་ཁ་གསར་གཏོད་བྱེད་པ་བཅས་བརྒྱུད་དེ། བཅོལ་དངུལ་བརྟན་རླིང་ངང་འཕར་སྣོན་བྱུང་བའི་བྱ་བ་དངོས་འབེབས་བྱས་པས། ལྗོངས་ཡོངས་ཀྱི་བཅོལ་དངུལ་རིགས་སོ་སོ་རྒྱུན་མཐུད་ངང་འཕར་སྣོན་བྱུང་བར་སྐུལ་འདེད་བཏང་།

རགས་རྩིས་བྱས་པ་ལྟར་ན། 2014ལོའི་ཟླ8པའི་ཟླ་མཇུག་བར་དུ། ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་བཅོལ་དངུལ་རིགས་སོ་སོ་དངུལ་གྲངས་སྒོར་དུང་ཕྱུར3068.17ལ་སླེབས་ཡོད་དེ། ལོ་འགོ་ལས་སྒོར་དུང་ཕྱུར567.23ཇེ་མང་དུ་སོང་ཡོད་པ་དང་། 22.68%འཕར་ཡོད། ལོ་སྔོན་མའི་དུས་མཉམ་ལས་སྒོར་དུང་ཕྱུར537.14ཇེ་མང་དུ་སོང་ཡོད་དེ། 21.22%འཕར་ཡོད། འཕར་ཚད་དང་འཕར་གྲངས་བཅས་སོ་སོ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད། བོད་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་བཅོལ་དངུལ་སྒོར་དུང་ཕྱུར3000ལས་བརྒལ་བ་དེ་ལས་དངུལ་རྩའི་ལས་ཁུངས་རང་སྟེང་གི་ཚོང་གཉེར་ནུས་བ་ཇེ་ཆེར་བཏང་ཡོད་པ་མ་ཟད། བོད་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་རྨང་གཞི་ཡག་པོ་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག