མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དཀའ་གནད་སེལ་བ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-09-18 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། གཞིས་རྩེ་ས་ཁུལ་གྱིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་ཁྱིམ་ཚང་ཁྲི་ཁ་ལོན་པའི་ཁྱིམ་དུ་སྐྱོད་པ། དཀའ་གནད་སེལ་བ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཏང་ཡོན་ལས་བྱེད་པས་མང་ཚོགས་དང་འབྲེལ་གཏུགས་དང་ཞབས་ཞུ་བྱེད་པའི་ཕུགས་ཕན་ལམ་སྲོལ་ཧུར་ཐག་བཙུགས་ཡོད་པ་རེད། གཞིས་རྩེ་ས་ཁུལ་གྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ཤང་གྲོང་རྡལ་དང་གྲོང་ཚོར་གཟབ་སྐྱོད་ཀྱིས་གཙོ་གནད་ཐོག་ཤང་གྲོང་རྡལ་དང་གྲོང་ཚོའི་ཚན་ཁག་གི་ལས་དོན་སྤེལ་ཚུན་དང་། ཤང་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པའི་འགན་འཁྲི་འཁུར་ཚུལ་རྟོགས་ཞིབ་བྱེད་པ་མ་ཟད། མང་ཚོགས་ཀྱིས་ཤང་གྲོང་རྡལ་དང་གྲོང་ཚོའི་ཚན་ཁག་དང་ཤང་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པར་བློ་ཡིད་འཚིམ་ཚད་དང་། བསམ་འཆར་དང་གྲོས་འགོ་གང་འདྲ་ཡོད་མེད་ཤེས་རྟོགས་བྱས་པ་དང་དུས་མཚུངས། དུད་ཚང་ལ་འཚམ་འདྲི་བྱེད་པ་དང་ས་ཆ་དངོས་སུ་རྟོགས་ཞིབ་བྱེད་པ། དམངས་ཀྱི་གནས་ཚུལ་ལྷུག་གླེང་བྱེད་པ། བཞུགས་མོལ་སྤེལ་རེས་བྱེད་པ་སོགས་བརྒྱུད་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་པ་དང་མང་ཚོགས་ཀྱི་སྐྱིད་སྡུག་ཤེས་རྟོགས་བྱེད་པ། འགལ་ཟླ་དང་རྩོད་གཞི་བསེལ་རོགས་བྱེད་པ་བཅས་བྱས་ཡོད་པ་རེད།

ད་བར་ཏང་ཡོན་ལས་བྱེད་པ་ཁྲི8000ཙམ་གཞི་རིམ་དུ་འཚམ་འདྲི་བྱེད་པར་སྐྱོད་ནས། དམངས་ཀྱི་བསམ་འདུན་ཉན་པ་དང་དམངས་ཀྱི་འདོད་བློ་རྒྱ་ཁྱབ་བསྡུ་རུབ་བྱས་ཡོད་པ་རེད། རྫོང་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་ཚན་པའི་བཅའ་སྡོད་གྲོང་ཚོའི་དབུལ་པོའི་དུད་ཚང་དང་དཔལ་འབྱོར་གྱི་་ཆ་རྐྱེན་ཅུང་ཞན་པའི་ཁྱིམ་ཚང་དུ་སྐྱོད་དེ། མ་དངུལ་སྤྲོད་པ་དང་ལག་རྩལ་སློབ་པ། ཤེས་བྱ་སློབ་པ། ཆ་འཕྲིན་བརྒྱུད་སྤེལ་བྱེད་པ་བཅས་བྱས་པ་དང་། མང་ཚོགས་དང་མཉམ་བཟའ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་ཁྲོད་ཕྲད་པའི་དོན་དངོས་ཀྱི་དཀའ་ངལ་སེལ་རོགས་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད་པ་རེད།

གཞིས་རྩེ་ས་ཁུལ་གྱིས་གྲོང་ཚོ་དང་དུད་ཚང་ནང་སྐྱོད་པ་དང་གཉེན་འབྲེལ་གྲོགས་སྒྲིག་གི་བྱེད་སྒོ་སྤེལ་ཚུན་ས་ཁུལ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ45 འབྲེལ་གཏུགས་བྱེད་གནས་སུ་ཐེངས80ལྷག་སྐྱོད་པ་དང་། འཚམས་འདྲིའི་བྱེད་སྒོ་ཐེངས230ཙམ་སྤེལ་བ། མྱོང་ཚོར་ཡི་གེ་ཁག83བྲིས་པ་བཅས་བྱས་པ་དང་། རྫོང་རིམ་པའི་ལས་བྱེད་པ1000ཙམ་དུད་ཚང་ནང་བཅའ་སྡོད་ཐེངས2210བྱས་པ་དང་བཅའ་སྡོད་བྱས་པའི་ཉིན་གྲངས9320ཟིན་ཞིང་། འབྲེལ་གཏུགས་བྱེད་གནས་གྲོང་ཚོ་དང་དུད་ཚང་ལ་དོན་དངོས་བྱ་བ་དང་བྱ་བ་བཟང་པོ་ཁག6200ཙམ་སྒྲུབ་པ། དམངས་ཀྱི་གནས་ཚུལ་གྱི་སྙན་ཞུ2700ལྷག་ཙམ་བྲིས་པ་བཅས་བྱས་པ་དང་། ས་ཁུལ་དེ་ཡོངས་ཀྱི་རོགས་སྐྱོར་ཁ་གཏད10000ཙམ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག