མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་གཞིས་ལྕགས་ལམ་སྟེང་མེ་འཁོར་ཤར་གཏོང་བྱས་པའི་ཟླ་དང་པོར་འགྲུལ་བ་མི་ཐེངས་ཁྲི7ཙམ་སྐྱེལ་འདྲེན་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-18 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས16ཉིན་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་སྟེང་མེ་འཁོར་དངོས་སུ་ཤར་གཏོང་བྱས་པ་ནས་བཟུང་། མིག་སྔའི་བར་དུ། ལྷ་གཞིས་ལྕགས་ལམ་བདེ་བླག་ངང་ཟླ་བ་གཅིག་ལ་འཁོར་སྐྱོད་བྱས། གསར་འགོད་པས་ལྷ་སའི་མེ་འཁོར་འབབ་ཚུགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ9བའི་ཚེས15ཉིན་བར་དུ། ལྷ་གཞིས་ལྕགས་ལམ་གྱིས་བསྡོམས་པས་འགྲུལ་བ་མི་ཐེངས67000སྐྱེལ་འདྲེན་བྱས། དེའི་ནང་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་མི་ཐེངས33000ལྷག་སྐྱེལ་འདྲེན་བྱས་ཤིང་། གཞིས་རྩེ་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་བ་མི་ཐེངས34000ལྷག་སྐྱེལ་འདྲེན་བྱས། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་ཉིན་རེའི་འགྲུལ་བ་སྐྱེལ་ཚད་ཆེས་མང་བའི་སྐབས་སུ་མི་ཐེངས1124སྐྱེལ་འདྲེན་བྱས་ཡོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག