མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱིས་ཁེ་ལས་དང་མཉམ་འབྲེལ་དུ་སློབ་མ་ཚོའི་ལག་ལེན་ནུས་པ་གསོ་སྐྱོང་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-17 10:34

པེ་ཅིན་འཛུགས་སྐྲུན་འཆར་འགོད་ཞིབ་འཇུག་གླིང་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུ་ཧྲུའུ་ཅི་ཀྲོའུ་ཞོ་ཏི་དང་བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཁྲིན་ཅན་ལུང་གཉིས་ཀྱིས་ཆིངས་ཡིག་སྟེང་མིང་རྟགས་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས12ཉིན།“པེ་ཅིན་འཛུགས་སྐྲུན་འཆར་འགོད་ཞིབ་འཇུག་གླིང་དང་བོད་ལྗོངས་སློབ་ཆེན་གྱི་ཁོངས་གཏོགས་ཁེ་ལས་ཀྱིས་མཉམ་ལས”ཆིངས་ཡིག་སྟེང་མིང་རྟགས་འགོད་པའི་མཛད་སྒོ་བོད་ལྗོངས་སློབ་ཆེན་ནས་སྤེལ་བ་རེད། ཕྱོགས་གཉིས་ཀྱིས་རྗེས་ཕྱོགས་སུ་ཕན་ཚུན་མི་སྣ་འཚམ་འདྲིར་ཕེབས་པ་དང་། སློབ་ཁྲིད་བྱེད་པ། སློབ་མའི་དངོས་སྦྱོང་། ཁེ་ལས་ཀྱི་ཆེད་དོན་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སོགས་ཀྱི་ཐད་ནས་མཉམ་ལས་བྱ་རྒྱུ་རེད།

བོད་ལྗོངས་སློབ་ཆེན་བཟོ་ལས་སློབ་གླིང་གི་ཏང་ཨུ་ཧྲུའུ་ཅི་དབྱང་ཚེ་པང་གིས་ངོ་སྤྲོད་བྱ་རྒྱུར། “བོད་ལྗོངས་སློབ་ཆེན་བཟོ་ལས་སློབ་གླིང་འཛུགས་སྐྲུན་སྡེ་ཁག་ལ་འཛུགས་སྐྲུན་འཆར་འགོད་དང་གྲོང་ཁྱེར་འཆར་འགོད་བཅས་ཆེད་ལས་གཉིས་བཙུགས་ཡོད། ཐེངས་འདིའི་མཉམ་ལས་ཀྱིས་ཆེད་ལས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་སློབ་མ་གསོ་སྐྱོང་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད”ཅེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིན་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་ཞིབ་འཇུག་གླིང་ཚད་ཡོད་སྤྱི་གཉེར་ཁང་གིས་མི་དམངས་ཚོགས་ཁང་ཆེན་མོ་དང་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ། བྱ་ཚང་ལུས་རྩལ་ཁང་སོགས་རྒྱལ་སྤྱིའི་རིམ་པའི་ཆུ་ཚད་ཅན་གྱི་བཟོ་ལས་རབ་དང་རིམ་པ་འཆར་འགོད་བྱས་ཡོད། ད་ལོའི་ཟླ ༨ པར། ལེགས་འགྲུབ་ངང་བོད་ལྗོངས་སློབ་ཆེན་བཟོ་རིག་འཛུགས་སྐྲུན་སྡེ་ཁག་གི་དགེ་སློབ་དག་པེ་ཅིན་དུ་ཡོང་ནས་“རྒྱལ་སའི་འགྲུལ་སྐྱོད་དེ་ཀྲུང་གོའི་ཕུགས་འདུན་དང་འཛུགས་སྐྲུན་ཕུགས་འདུན”ཞེས་པ་བརྗོད་བྱ་བྱས་པའི་དབྱར་དུས་ཀྱི་བྱ་འགུལ་དུ་ཞུགས་པ་རེད། བོད་ལྗོངས་སློབ་ཆེན་བཟོ་རིག་སློབ་གླིང་དང་། བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་འཆར་འགོད་གླིང་། བོད་ལྗོངས་དྲག་ཆས་དམག་མིའི་རུ་ཁག་གཙོ་བོ། མཚོ་བོད་ལྕགས་ལམ་སྤྱི་ཁྱབ་ཀུང་སི། ཐེན་ཅིན་འཆར་འགོད་གླིང་སོགས་ཁེ་ལས་ཁག་བཅུ་ལྷག་གིས་སློབ་མ་མང་པོ་གསོ་སྐྱོང་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག