མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དམངས་ཕན་ལས་དོན་སྤེལ་བར་ཤུགས་སྣོན་རྒྱབ་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།  2014-09-17 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་རིང་། རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཉམས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་པ་དང་། མང་ཚོགས་ལ་ཞབས་ཞུ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། མང་ཚོགས་ལ་འབྲེལ་གཏུགས་ཞབས་ཞུ་བྱེད་པའི་མཐའ་མའི་འགག་གནད་ཐག་གཅོད་བྱས་པ་རེད། ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་གིས་རི་ཐང་གྲོང་རྡལ་གཡུ་དཔལ་གྲོང་ཚོ་གནས་སྤོ་བྱེད་རྒྱུ་དེ་ལས་ཀའི་གཙོ་གནད་དུ་འཛིན་ནས། ལས་དོན་མི་སྣ་སྒྲིག་འཛུགས་ཐེངས་མང་བྱས་ཏེ་གནས་སྤོ་བྱེད་སར་གཟབ་སྐྱོད་བརྟག་ཞིབ་བྱས་ཏེ། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐག་གཅོད་ནན་ཏན་བྱས་པ་རེད།

ད་བར་གནས་སྤོ་བྱེད་མཁན་མང་ཚོགས་ཀྱི་བསམ་འཆར་དང་འགྲོ་འགོ18བསྡུ་ལེན་ཐུབ་ཅིང་། གནས་སྤོ་བྱེད་མཁན་མང་ཚོགས་ལ་མི་དང་ཕྱུགས་ཟོག་གི་འཐུང་ཆུའི་གནད་དོན་སེལ་བ་མ་ཟད། ཆུ་ཡུར་གསར་དུ་སྐྲུན་པ་དང་མང་ཚོགས་ལ་ས་རྒྱུ་ལེགས་བཅོས་བྱེད་རོགས་སོགས་བྱས་པས། གནས་སྤོ་བྱེད་མཁན་མང་ཚོགས་ཀྱི་འཐུང་ཆུ་དང་ས་ཞིང་ཁ་ཐང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག