མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ཟླ1པོ་ནས་ཟླ8པའི་བར་ལྷ་ས་གྲོང་ཁྱེར་གྱིས་གནས་སྐོར་བ་མི་ཐེངས་ཁྲི720.4སྣེ་ལེན་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-17 10:14

འདི་ནི་ཟླ9བའི་ཚེས13ཉིན་ཕྱི་རྒྱལ་གྱི་གནས་སྐོར་ཚོགས་པས་ནོར་བུ་གླིང་ཁ་རུ་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་ཕྱོགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བ་དང་། གནས་སྐོར་ལམ་ཐིག་ཕུལ་བྱུང་མུ་མཐུད་དུ་གཏོད་པ། གནས་སྐོར་ཚོང་ར་རིམ་བཞིན་ཚད་ལྡན་དུ་བཏང་བ་དང་བསྟུན་ནས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོ་བོད་ལྗོངས་སུ་གནས་སྐོར་ལ་ཕེབས་པར་ཡིད་དབང་འགུག ད་ལོའི་ཟླ1པོ་ནས་ཟླ8པའི་བར་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི720.4སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས18.48%འཕར། དེའི་ཁྲོད་ཕྱི་གླིང་བ་མི་ཐེངས62411སྣེ་ལེན་བྱས་པ་དང་། དུས་མཉམ་ལས13.39%འཕར། རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་ཁྲི714.16སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས18.53%འཕར་ཡོད་དེ། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར83.06མངོན་འགྱུར་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས47.68%བཅས་འཕར་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག