མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་གཉིས་པའི་ལྷ་ས་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་བྱ་དགའ་གནང་བའི་མཛད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-17 10:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས15ཉིན། ལྷ་ས་གྲོང་ཁྱེར་གྱིས་སྐབས་གཉིས་པའི་ལྷ་ས་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་བྱ་དགའ་གནང་བའི་མཛད་སྒོ་སྤེལ་ཏེ། སྤེན་པ་སྒྲོལ་མ་སོགས་བྱ་དགའ་ཐོབ་པའི་མི22ལ་གཟེངས་རྟགས་གནང་།

ཀུན་སྤྱོད་དཔེ་ལེགས་ཅན་དང“ཉེ་འགྲམ་གྱི་མི་བཟང”གི་སྤྱོད་བཟང་དང་ཡ་རབས་བསམ་ཚུལ་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ཡོངས་ནས་ཀུན་སྤྱོད་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པ་དང་། ཀུན་སྤྱོད་དཔེ་ལེགས་ཅན་ལ་གཅེས་སྐྱོང་བྱེད་པ། ཀུན་སྤྱོད་དཔེ་ལེགས་ཅན་ལ་བརྩི་མཐོང་བྱེད་པ། ཀུན་སྤྱོད་དཔེ་ལེགས་ཅན་བརྩོན་ལེན་བྱེད་པའི་དར་སྲོལ་ལེགས་པོ་རྒྱུན་འཁྱོངས་བྱ་ཆེད། ཐེངས་འདིའི་བྱ་འགུལ་ཁྲོད་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་མི་སྣ་བསྟན་འཛིན་ཉི་མ་དང་རིན་ཆེན་ཟླ་བ། དེ་མིན་སྐབས་བཞི་བའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་མི་སྣ་ཉི་མ་ཕམ་རྡོ་སོགས་གདན་དྲངས་ཏེ། མི་རྣམས་དང་མཉམ་དུ་སེམས་འགུལ་ཐེབས་པའི་སྤྱོད་བཟང་གི་མཉམ་མྱོང་མཉམ་སྤྱོད་བྱས། བྱ་འགུལ་གྱི་མཇུག་མཐར་ལྷ་ས་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཀུན་སྤྱོད་དཔེ་ལེགས་ཅན་དང“ཉེ་འགྲམ་གྱི་མི་བཟང”གི་འཐུས་མིས་ཡུལ་དངོས་ནས་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་སྤྱོད་བཟང་དཔེ་ལེགས་ཅན་བརྩོན་ལེན་བྱེད་པའི་གྲོས་གཞི་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག