མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གིས་ལས་རིགས་རྩལ་ནུས་སྦྱོང་བརྡར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པར་འབད་བརྩོན་བྱས།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-09-16 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་གིས་ལས་རིགས་རྩལ་ནུས་སྦྱོང་བརྡར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པས། སྦྱོང་བརྡར་གྱི་ཕན་འབྲས་ཆེ་རུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད། ཆུ་གསུམ་རྫོང་གིས་མཛའ་འབྲེལ་ཁེ་ལས་ལ་འཚམས་འདྲི་བྱེད་པའི་རྣམ་པའི་ཐོག་ནས་ངལ་ནུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་དང་ངལ་ནུས་ཁྲོམ་ར་རྒྱ་ཆེར་ཧུར་ཐག་བཏང་བ། རྩལ་ནུས་སྦྱོང་བརྡར་དང་ལས་ཞུགས་ཟུང་འབྲེལ་བྱེད་པ། ལས་མི་བེད་སྤྱོད་བྱེད་མཁན་ཚན་པའི་དགོས་མཁོ་དང་ལས་གནས་ཀྱི་དགོས་མཁོར་གཞིགས་པ་བཅས་བྱས་ཏེ། དམིགས་བཙུགས་སྦྱོང་བརྡར་དང་ལས་གནས་གཏན་འཁེལ་གྱི་ལས་ཞུགས་སྦྱོང་བརྡར་བྱས་ནས་ལས་ཞུགས་ཀྱི་གོ་སྐབས་གཏོད་ཡོད། ལྷ་རྒྱ་རིའི་ལག་ཤེས་བཟོ་རྫས་ཀུང་སིའི་བར་གྲོས་འབྲེལ་བར་བརྟེན་ནས་ངལ་ནུས་བེད་སྤྱོད་ཀྱི་དགོས་མཁོ་འཚོལ་ཞིབ་བྱས་ཏེ། སློབ་མ5ནག་ཆུར་ལས་ཞུགས་ཐུབ་པ་བྱས་པས་ཁོང་ཚོའི་ཉིན་རེའི་གླ་ཆ་སྒོར150རེ་ཟིན་གྱི་ཡོད།

གཞན་ཡང་། ཆུ་གསུམ་རྫོང་གིས་ཁྲོམ་རའི་དགོས་མཁོར་གཞིགས་ནས་རིགས་དབྱེ་སྦྱོང་བརྡར་སྤྲད་པ་དང་། འབག་དང་ལྡེབས་རིས། གློག་བཟོ། འཛུགས་སྐྲུན། ཤིང་བཟོ་སོགས་རྩལ་ནུས་སྦྱོང་བརྡར་རྒྱ་ཁྱབ་ངང་བྱས་ཏེ། བྱ་གཞག་གཏོད་རྒྱུར་ཁྲིད་སྟོན་དང་སྤྱོད་གོ་ཆོད་པའི་རིག་གཞུང་སློབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་རྩལ་ནུས་ཀྱི་ཕན་འབྲས་རང་བཞིན་མངོན་གསལ་དོད་པ་དང་སྦྱོང་བརྡར་མི་སྣར་རོགས་རམ་བྱས་ཏེ། བྱ་གཞག་གཏོད་དེ་སྦྱོང་བརྡར་གྱི་དམིགས་སའི་རང་བཞིན་དང་འཚམས་འཕྲོད་རང་བཞིན། ཕན་འབྲས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་བར་ཆུ་གསུམ་རྫོང་གིས་འབག་དང་ལྡེབས་རིས། གློག་བཟོ། འཛུགས་སྐྲུན། ཤིང་བཟོ་སོགས་རྩལ་ནུས་སྦྱོང་བརྡར་ཐེངས་ལྔ་བྱས་པའི་ནང་མི་ལྔ་བརྒྱ་ཙམ་ཞུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག