མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ད་ལོའི་ཁག་གཉིས་པའི་དམག་ཞུགས་དམག་མི་གསར་པར་དགའ་སྐྱེལ་བྱས།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།  2014-09-16 10:58

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས15ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་མཛད་སྒོ་སྤེལ་སྟེ་སྤྱི་ལོ2014ལོའི་ཁག་གཉིས་པའི་དམག་ཞུགས་དམག་མི་གསར་པར་དགའ་སྐྱེལ་བྱས་པ་རེད། དམག་ཞུགས་དམག་མི་གསར་པ30ཡིས་ཁག་སོ་སོར་ནུབ་བྱང་ས་ཁུལ་དང་མཚོ་དམག་ཏུ་དམག་ཞབས་ཞུ་བར་བསྐྱོད་རྒྱུ་ཡིན་པ་དང་། དེ་ཡང་རང་རྒྱལ་མཚོ་དམག་གིས་རང་ལྗོངས་ནས་དམག་མི་བུ་བསྡུ་ཐེངས་དང་པོ་དེ་རེད།

དམག་མི་གསར་པར་དགའ་སྐྱེལ་ཞུ་བར་ཕེབས་པའི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས། དམག་ཞུགས་དམག་མི་གསར་པས་སྒྲིག་ལམ་སྒྲིག་སྲོལ་ཡག་པོ་སྲུང་བ་དང་། སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་པ། ཤུགས་སྐྱེད་སྟོབས་སྤེལ་དང་སྦྱོང་བརྡར་བྱེད་པ། མཚན་སྙན་ལ་གཅེས་སྤྲས་བྱེད་པ་བཅས་བྱས་ཏེ་བོད་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག