མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ལ་ཡུལ་བབ་མཚོན་རྟགས་ལྡན་པའི་ཐོན་རྫས་གཉིས་གསར་སྣོན་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-16 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ལྷ་ས་གྲོང་ཁྱེར་གྱི་རྒུ་རུམ་རྩམ་པ་དང་། སྙེ་མོའི་བོད་སྤོས་བཅས་ཐོན་རྫས་གཉིས་ལ་རྒྱལ་ཁབ་ཡུལ་བབ་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ལག་རྩལ་གྱིས་ཞིབ་བཤེར་བརྒྱུད་དེ་ཆོག་མཆན་ཐོབ། དེ་ལས་བོད་ལྗོངས་སུ་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་གནང་བའི་ཡུལ་བབ་མཚོན་རྟགས་ལྡན་པའི་ཐོན་རྫས7ཡོད་པ་རེད།

བོད་ལྗོངས་ཀྱི་ཡུལ་བབ་མཚོན་རྟགས་ལྡན་པའི་ཐོན་རྫས་བདུན་པོ་ནི་རྒུ་རུམ་གྱི་རྩམ་པ་དང་། སྙེ་མོའི་བོད་སྤོས། བོད་ལྗོངས་ཀྱི་ས་གདན། ཆུ་མ་ནུབ་ཀྱི་གཏེར་ཆུ། ནག་ཆུའི་དབྱར་རྩྭ་དགུན་འབུ། གྲ་ནང་རྫོང་གི་སྣུམ་བུ། བོད་ལྗོངས་ཀྱི་བོད་སྨན་བཅས་ཡིན། རྒྱུས་ལོན་ལྟར་ན། ཡུལ་བབ་མཚོན་རྟགས་ལྡན་པའི་ཐོན་རྫས་འདི་དག་གི་རྗེས་ཕྱོགས་ཀྱི་སྲུང་སྐྱོང་དང་གསར་སྤེལ་བྱ་བ་ད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།  །

 

各种成品藏香

འདི་ནི་ལས་སྣོན་བྱས་ཟིན་པའི་བོད་སྤོས་རིགས་སོ་སོ་ཡིན།

古荣糌粑制作。

འདི་ནི་རྒུ་རུམ་གྱི་རྩམ་པ་འཐག་བཞིན་པའི་ཚུལ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག